རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༨ ཚེས་ ༣
།རྒྱ་དཀར་ནག་གཉིས་དབར་དམག་དཔོན་རིམ་པའི་ཚོགས་འདུ་ཐེངས་ལྔ་པ་དེ་ཚོགས་འདུག །རྒྱ་གར་ནང་ཉིན་གཅིག་ལ་ཏོག་དབྱིབས་ནད་དུག་ཕོག་པའི་གྲངས་འབོར་མང་ཤོས་ལ་སླེབས་པ། །པམ་པིའོ་ཡིས་ཧོང་ཀོང་གི་འོས་བསྡུ་ཕྱི་བཤོལ་བྱ་རྒྱུ་མེད་པའི་འབོད་སྐུལ། །གཞུང་འབྲེལ་མིན་པས་ཧོང་ཀོང་བདེ་འཇགས་ཁྲིམས་གཞི་བཀག་དགོས་པའི་ཡི་གེ་རྒྱལ་ཚོགས་ལ་བཏང་བ། །མི་ཚོགས་འཛོམས་ས་དང་ལས་ཀ་བྱེད་ས་ནས་ཏོག་དབྱིབས་ནད་དུག་བགོས་ཤུགས་ཆེ་བ་ཡོད་པ། །ཉི་ཧོང་གིས་ཕྱི་མི་དང་སྒྲིག་འཛུགས་ཐོག་དམ་དྲག་གནང་འཆར་ཡོད་པ། །རྒྱ་གར་གྱིས་ནང་སྲིད་བློན་ཆེན་ལ་ཏོག་དབྱིབས་ནད་དུག་ཕོག་འདུག །ཀྲིག་ཀྲོག་བེད་སྤྱོད་མི་ཆོག་ན་གཉེན་ཆས་ཆེ་ཁག་ད་དུང་ཤུགས་ཆེ་རུ་འགྲོ་རྒྱུ། །ཡིག་ཟམ་རྒྱུད་ནས་འོས་བསྡུའི་ལས་རིམ་དེར་ཨ་རི་བ་བརྒྱ་ཆ་ ༧༧ གྱིས་རྒྱབ་སྐྱོར་ཡོད་པ།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༦ ཚེས་༠༣
བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་འདས་གྲོངས། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག ཨ་རིའི་ཕྱི་སྲིད་དྲུང་ཆེས་ཊིཀ་ཊོཀ་བཀག་སྡོམ་བྱ་རྒྱུར་རྒྱབ་སྐྱོར། ཨ་རིར་ཏོག་དབྱིབས་ནད་དུག་ཁྱབ་སྟངས་གཞན་དང་མ་འདྲ་བ་ཞིག་རེད་ཟེར། རྒྱ་གར་གཞུང་གིས་སློབ་ཆེན་ཁག་གི་ཁུང་ཙིའི་སློབ་གླིང་ལ་བསྐྱར་ཞིབ། རྒྱ་གར་གྱི་ལི་ཕུ་ལེགས་ལའི་ཕྱོགས་སུ་རྒྱ་ནག་གི་དམག་སྡེ་ཞིག་བཏང་ཡོད་པ། ཨབ་གྷ་ཎི་སི་ཐན་གྱི་བཙོན་ཁང་ཞིག་ལ་གཏོར་རྒོལ། ཇཱོ་བྷ་ཌན་གྱིས་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་ཆེན་པོ་ཞིག་གཏོང་འཆར། འཇར་མན་ཎིར་ཏོག་དབྱིབས་ནད་དུག་བསྐྱར་ལོག་གི་ཉེན་ཁ། ཏོག་དབྱིབས་ནད་དུག་གི་སྨན་ཁབ་རྣམས་སྔོན་ལ་བགོ་འགྲེམ་བྱེད་ཕྱོགས།