ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་མིག་དམར། ༢༠༢༥/༠༤/༡༥

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན། ཟླ་༨ ཚེས་༢

ཇར་མི་ནི་ཡིས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་དོན་མཚམས་འཇོག། ཀེ་ན་ཊའི་བོད་མི་བགྲེས་སོང་ཚོར་རིན་མེད་ཐོག་ནས་ཞལ་ལག་དང་ཁ་རས་བགོ་འགྲེམས། ཧོང་ཀོང་གནད་དོན་ཐད་ཨ་མི་རི་ཀའི་ཁྲིམས་བཟོ་བ་གཉིས་ཀྱིས་རྒྱ་ནག་ལ་ཉེན་བརྡ། ཧོང་ཀོང་ཉེན་རྟོག་པས་དམངས་གཙོའི་ལས་འགུལ་བ་དྲུག་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས། ཧོང་ཀོང་གི་འོས་བསྡུ་ཕར་འགྱངས་བྱས་པར་ཕོ་བྲང་དཀར་པོས་སྐྱོན་བརྗོད། ཨུ་རུ་སུའི་ཤར་ཕྱོགས་རྫོང་དཔོན་ལ་རྒྱབ་སྐྱོར་གྱིས་ངོ་རྒོལ། རྒྱ་གར་གྱིས་ཏོག་དབྱིབས་ནད་རིམས་ཀྱི་སྨན་ཁབ་བཟོ་འདོན་བྱེད་ཀྱི་ཡོད་པ།

༢༢:༠༠ - ༢༣:༠༠

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ ཚེས་༠༢

རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་གསར་པས་བོད་པའི་སློབ་གྲྭར་ཤུགས་རྐྱེན་ཅི་ཙམ་ཐེབས་མིན། རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་བྱེད་བཞིན་ཡོད་ནའང་། རྒྱ་ནག་གིས་མུ་མཐུད་ནས་ས་མཚམས་སུ་གོ་མཚོན་དབོར་འདྲེན་བྱེད་བཞིན་ཡོད་པ། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་ནང་རྒྱ་ནག་ལས་རྒྱ་གར་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ། རྒྱ་གར་དུ་ཉིན་གཅིག་ལ་ནད་དུག་ཕོག་པའི་ནད་པ་ལྔ་ཁྲི་ལྔ་སྟོང་ལ་སླེབས་ཡོད་པ། བལ་ཡུལ་གྱིས་བསྐྱར་བཅོས་བྱས་པའི་ས་ཁྲའི་ངོ་བཤུས་རྒྱ་གར་ལ་གཏོང་འཆར། ཨ་རིའི་ནང་གི་ཊིག་ཊོག་དྲ་རྒྱའི་སྙི་ཆས་ཀྱི་སྟངས་འཛིན་དབང་ཆ་ཨ་རིའི་བཟོ་ཚོང་ལས་ཁང་ལ་སྤྲོད་རྒྱུའི་གྲོས་འཆར། ཨ་རིས་ཧོང་ཀོང་ནང་གི་འོས་འདེམས་ཆེན་མོ་ཕྱིར་འགྱངས་བྱས་པར་སྐྱོན་བརྗོད།

XS
SM
MD
LG