རྒྱང་སྲིང་དུས་ཚོད།

སྔ་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༩ ཚེས་ ༦
།༧གོང་ས་མཆོག་ཐེ་ཝན་དང་སཱིང་གྷ་པུར་ལ་ཕེབས་འཆར་ཡོད་པའི་བཀའ་གནང་འདུག །ཧོང་ཀོང་ནང་མི་མང་བརྒྱ་སྐོར་མང་པོས་འོས་བསྡུ་ཕྱིར་རྒྱང་བྱས་པར་ངོ་རྒོལ་བྱས་འདུག །རྒྱ་ནག་གིས་གྲོང་ཁྱེར་ཝུ་ཧན་གྱི་གནས་སྟངས་སྐོར་ལ་ཧམ་བཤད། །ཏོག་དབྱིབས་ནད་དུག་གིས་རྒྱ་གར་གྱི་མ་འོངས་འཆར་སྣང་ལ་འགོག་རྐྱེན། །རྒྱ་ནག་ཁ་རས་ས་ཡ་གཅིག་ཙམ་ཐའེ་ལྦན་ནས་ཡིན་ཁུལ་གྱིས་རྫུན་བཟོ་བྱས་ཡོད་པ། །ཨུ་རུ་སུའི་ཤར་ཕྱོགས་སུ་གཞུང་ལ་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་རྒྱུའི་རྣམ་པ་མེད་པ།
སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༦
དེ་རིང་སྔ་དྲོའི་རླུང་འཕྲིན་ལས་རིམ་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་སྐབས་དགེ་རྒན་གྱི་ཉིན་མོ་དང་འབྲེལ་ཏེ་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་ལ་དམིགས་བསལ་བཀའ་སློབ་གནང་ཡོད་པ། རྒྱ་དཀར་ནག་གཉིས་བར་བོད་དང་རྒྱ་གར་གྱི་ས་མཚམས་སུ་མུ་མཐུད་ནས་རྩོད་རྙོག་ཡོང་བཞིན་པའི་སྐབས་འདིར་རྒྱ་ནག་གིས་བོད་དུ་གོང་དཀར་གནམ་ཐང་རྒྱ་བསྐྱེད་དང་ཁྲིན་ཏུའུ་ནས་ཉིང་ཁྲི་བརྒྱུད་དེ་ལྷ་སའི་བར་ལྕགས་ལམ་བཟོ་བཞིན་ཡོད་པ། རྒྱ་དཀར་ནག་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གཉིས་ཉེ་ཆར་ཨུ་རུ་སུར་ཐུག་འཕྲད་བྱས་ཡོད་ནའང་ཕྱོགས་གཉིས་བར་གྲོས་མོལ་བྱས་པའི་ནང་དོན་ཅི་ཡང་གསལ་བསྒྲགས་བྱས་མེད་པ། ཨ་རིའི་གཞུང་གིས་མུ་མཐུད་ནས་རྒྱ་ནག་གི་འཕྲུལ་ལས་སྤྱི་གཉེར་ཁང་ཆེ་ཤོས་ཤིག་མིང་ཐོ་ནང་པོའི་ནང་འཇུག་འཆར་ཡོད་པ་དང་། དེ་ལྟར་བྱས་ཚེ་རྒྱ་ནག་ནང་འཕྲུལ་རིགས་གལ་ཆེན་ཁག་ཅིག་བཟོ་རྒྱུར་ཤུགས་རྐྱེན་ཐེབས་ངེས་པ་སོགས་ཀྱི་གནས་ཚུལ་ཡོད།
དགོང་དྲོའི་རླུང་འཕྲིན། ཟླ་ ༩ ཚེས་ ༦