༄༅།། ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་ཕྱི་དགྲར་བརྩིས་ནས་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན། རྒྱ་ནག་གིས་ཐེ་ཝན་རང་དབང་དང་དམངས་གཙོ་ཡིན་པའི་གོ་སྐབས་བླངས་ནས་མཚོ་གླིང་དེའི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས།
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།