༄༅།། ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་ཕྱི་དགྲར་བརྩིས་ནས་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན། རྒྱ་ནག་གིས་ཐེ་ཝན་རང་དབང་དང་དམངས་གཙོ་ཡིན་པའི་གོ་སྐབས་བླངས་ནས་མཚོ་གླིང་དེའི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས།
རྒྱ་ནག་དམར་ཤོག་གཞུང་གི་ལོ་རེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བ་དེ་ཁ་ས་ཕྱི་ཟླ་༣ ཚེས་༡༡ ཉིན་མཇུག་སྒྲིལ་བའི་སྐབས་སུ་འཐུས་མི་༣༠༠༠ ཡིས་སྐར་མ་༣༠ཙམ་ནང་གྲོས་ཆོད་ཟིན་བྲིས་བདུན་ལ་རྒྱབ་སྐྱོར་གྱི་འོས་ཤོག་བླུགས་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ཊམ་གཞུང་འཛིན་གྱིས་རྒྱ་ནག་ཐོག་སྒོ་ཁྲལ་སྤར་བ་དེར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། ཨ་རིས་བཟང་ལན་ངན་འཇལ་བྱས་སོང་ཞེས་སྐྱོན་བརྗོད་བྱས་ཡོད་པ་དེ་ནི་རྒྱ་ནག་གིས་སོ་སོ་དེ་བཞིན་འཛམ་གླིང་བརྟན་བརླིང་ལ་ཕན་པའི་ནུས་སྟོབས་ཤིག་གི་ངང་ཚུལ་སྟོན་ཐབས་ཤིག་ཡིན་སྐོར་འདིར་གསལ།
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བརྒྱ་ཆ་ལྔའི་ཐོག་གཏན་འབེབ་བྱས། ཨ་རི་དང་མཉམ་ཚོང་འབྲེལ་དང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོར་གདོང་ལེན་བྱེད་བཞིན་པར་ལྟོས་མེད་ཀྱིས་འདི་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་ནི་སྔ་ལོའི་དམིགས་ཚད་ནས་འགྱུར་བ་ཕྱིན་མེད་པའི་སྐོར་ནོར་བུ་བསམ་འཕེལ་ནས།
རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་འཚོག་རྒྱུའི་གོང་འདིར་རྒྱ་ནག་གཞུང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནོར་འཁྲུལ་མེད་པ་དང་རྨང་གཞི་བརྟན་པོ་ཡོད་པ་སོགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར་མཉམ་འབྲེལ་གསར་ཁང་གི་གསར་འགོད་པས་གནས་ཚུལ་བཏང་བ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ།
ཧོང་ཀོང་ནང་ནས་སྲིད་དོན་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་དམངས་གཙོ་སྲིད་དོན་ཚོགས་པས་ཚོགས་པ་དེ་སྒོ་རྒྱག་རྒྱུའི་གྲ་སྒྲིག་གི་ལས་དོན་ཁག་བྱེད་བཞིན་ཡོད་པའི་སྐོར་གསལ་བསྒྲགས་སྤེལ་བ།
ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ངོས་སུ་ང་ཚོས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་འཁོད་པའི་ཚིག་འབྲུ་རྣམས་བསུབས། ད་ལྟའི་བར་དུ་ཨ་མི་རི་ཀས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་(PRC)་ཅེས་འབོད་ཀྱི་ཡོད་པའང་རྒྱ་ནག་གཅིག་པུར་བསྒྱུར།
ཕྱི་ཟླ་༢་པའི་ཚེས་༡༣་ཉིན་ཨ་རིའི་ཧ་ཝ་ཡི་མངའ་སྡེའི་ཧོ་ལོ་ནུ་ནུ་གྲོང་ཁྱེར་དུ་ཆགས་ཡོད་པའི་མཚོ་དམག་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞི་བདེ་རྒྱ་མཚོའི་ནང་གི་ཨ་རིའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་སེ་མུལ་པ་པ་རོས་རྒྱ་ནག་གིས་དམག་སྦྱོང་བྱེད་ཀྱི་ཡོད་པ་དེ་སྤྱི་བཏང་གི་སྦྱོང་བརྡར་ཞིག་མ་རེད།
རྒྱ་ནག་གཞུང་གིས་མི་འབོར་འཕེལ་རྒྱས་གཏོང་རྒྱུའི་འབད་བརྩོན་བྱས་ཀྱང་སྔ་ལོ་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་ཉུང་དུ་སོང་། དེ་ནི་ལོ་ལྔ་བསྟུད་མར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་ཏེ་མི་འབོར་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཡོད་པའི་གསར་འགྱུར་ཐོན་འདུག
རྒྱ་ནག་གཞུང་གིས་དབྱིན་ཡུལ་ནང་གཞུང་ཚབ་ཁང་ཆེན་པོ་ཞིག་རྒྱག་རྒྱུའི་འཆར་གཞི་ཡོད་པར་བརྟེན། སྤྱི་ཟླ་གཉིས་པའི་ཚེས་བརྒྱད་རེས་གཟའ་སྤེན་པའི་ཉིན། དབྱིན་ཡུལ་ནང་གི་བོད་མི་དང་། ཡུ་གུར། ཧོང་ཀོང་། ཐེ་ཝན་བཅས་ཀྱི་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་བཞི་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་ཡོད།
ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ལྷོ་སོག་པོའི་འཐབ་རྩོད་པ་ཧ་དཱ་ལགས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་གནས་ཚུལ་མདོར་བསྡུས་ཤིག་འདིར་གསལ།
དཔལ་འབྱོར་ཉམས་ཆག་འགྲོ་བཞིན་པའི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་སུ་གཞོན་སྐྱེས་ཚོའི་འཛད་སྤྱོད་བྱེད་སྟངས་དང་སེམས་ཁམས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དང་། དེ་བཞིན་དཔྱིད་གསར་དུས་ཆེན་གྱི་གཞུང་འབྲེལ་དགོང་ཚོགས་ལ་ཆབ་སྲིད་ཀྱི་ཤན་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།