ཨ་རིའི་རྒྱུ་ནོར་བདག་ཚགས་བྱེད་མཁན་གྱི་ཁེ་ལས་ཆེ་ཤོས་བྷི་ལ་ཁི་རོ་ཁི་ཚོགས་པས་ཧོང་ཀོང་གི་འབྱོར་ལྡན་པ་ལི་ཅཱ་ཁྲེང་གི་བདག་ཁོངས་ཁྲང་ཧི་ཁེ་ལས་ཚོགས་པ་དང་མཉམ་དུ་ཚོང་གཉེར་གྲོས་མཐུན་བཞག་སྟེ། པ་ཎ་མ་གྲུ་ཡུར་གྱི་གྲུ་ཁ་གཉིས་ཐེ་བའི་འཛམ་གླིང་རྒྱལ་ཁབ་ཁག་༢༣ ནང་གི་གྲུ་ཁ་༤༣ ཉོ་སྒྲུབ་བྱས་ཡོད་པའི་སྐོར་འདིར་གསལ།
ཨ་རིས་ཨུ་རུ་སུའི་ཡུག་ཀེ་རན་གྱི་ནང་དམག་འཁྲུག་འདི་མཇུག་སྒྲིལ་གནང་ཐབས་དེ་ཡིས་ཨུ་རུ་སུའི་ཐོག་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། འོན་ཀྱང་ཨུ་རུ་སུ་ཡིས་ས་ཁྱོན་རྒྱ་ཆེ་དབང་འཛིན་བྱས་ཟིན་ཡོད་པ་དང་། ཨུ་རུ་སུ་ཡིས་བློས་གཏོང་བྱ་རྒྱུར་གྲ་སྒྲིག་མེད་ཅེས་བརྗོད་ཀྱི་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་མི་རི་ཀས་ར་ཤི་ཡ་དང་ཡུཀ་རེན་གཉིས་ཀྱིས་ཟླ་བ་གཅིག་ལ་མེ་འཕེན་མཚམས་འཇོག་བྱ་དགོས་ཞེས་བར་འདུམ་བྱས་པ་ལྟར་ཕུ་ཊིན་གྱིས་མེ་འཕེན་མཚམས་འཇོག་གི་ཆ་རྐྱེན་བཏོན།
འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་ནང་གློ་ནད་སྔོན་འགོག་དང་།ནད་གཞི་དེར་ཚོད་ལྟ་བྱས་པ། ནད་གཞི་ཡོད་མཁན་ཚོར་སྨན་བཅོས་བྱས་པའི་ལག་རྗེས་ལ་བརྟེན་ནས་མི་ས་ཡ་༧༩འི་ཚེ་སྲོག་སྐྱོབ་ཐུབ་ཡོད་པ་དང་། སྔ་ལོ་གཅིག་པུའི་ནང་འགོས་སླ་བའི་ནད་གཞི་དེ་ཡོད་མཁན་ཚོར་སྨན་བཅོས་བྱས་པ་དེས་མི་ས་ཡ༣དང་འབུམ་༦ ཁྲི་༥སྲོག་སྐྱོབ་བྱས་ཐུབ་ཡོད་འདུག
༢༠༢༤ ལོའི་ལོ་མཇུག་ཏུ་ཞིས་ཅིན་ཕིང་བརྒྱུད་ཧྥེན་ལན་ཌིའི་སྲོག་ཆགས་གླིང་གར་བོགས་མར་བཏང་ཡོད་པའི་དོམ་ཁྲ་དེ་གཉིས་དུས་ཡུན་ལོ་ངོ་བརྒྱད་སྔ་སྣུར་གྱིས་རྒྱ་ནག་ཏུ་ཕྱིར་སློག་བྱས་ཏེ། ལས་འཆར་དེ་མཇུག་སྒྲིལ་གྱིས་རྒྱ་ནག་དང་ཧྥེན་ལན་ཌི་གཉིས་དབར་གྱི་"དོམ་ཁྲའི་ཕྱི་སྲིད་འབྲེལ་ལམ་" ལ་རྫོགས་ཚིག་བཀོད་ཡོད་པ་རེད།
ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་བཟོ་ལས་དང་ཞིང་འབྲོག་ཐོན་སྐྱེད་ཁག་ཅིག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྟེ། ཨ་སྒོར་དུང་ཕྱུར་༢༨༠་ཐམ་པའི་སྒོ་ཁྲལ་སྤར་ནས་ཌོ་ནལ་ཊམ་གྱིས་ཡུ་རོབ་ཀྱི་དྭངས་ལྕགས་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་བར་ལན་པ་བསློགས།
ཕི་ལིབ་པིན་སི་ཡི་སྲིད་འཛིན་ཟུར་པ་ རོཌ་རི་གོ་ རྡུ་ཏར་ཏེ་རེས་གཟའ་མིག་དམར་ཉིན་ ཡུལ་འདིའི་རྒྱལ་ས་ མ་ནི་ལའི་གནམ་ཐང་དུ་འཛིན་བཟུང་བྱས་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་དེར་དགའ་བསུ་བྱེད་ཀྱི་ཡོད་པའི་སྐོར་
འཛམ་གླིང་གི་སའི་གོ་ལའི་བྱང་སྣེ་རུ་ཆགས་པའི་གྷེ་རཱིན་ལན་ཌི་ཞེས་བྱ་བའི་ཡུལ་ལུང་དེར་གྲོས་ཚོགས་འཐུས་མི་འོས་བསྡུ་བྱས་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་གྷེ་རཱིན་ལན་ཌི་ཨ་མི་རི་ཀར་དགོས་ཞེས་གཏམ་བཤད་བྱས་ནས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཌན་མག་ལ་ཁོང་ཁྲོ་བསླངས།
ཀེ་ན་ཌའི་དབུས་དངུལ་ཁང་ཆེན་མོའི་སྤྱི་ཁྱབ་ཟུར་པ་མཱརྒ་ཀར་ནི་ཡུལ་དེའི་གཞུང་འཛིན་ཚོགས་པའི་དབུ་འཁྲིད་ཆགས་ཡོད་པས། ཁོང་ད་ཆ་ཡུལ་དེའི་སྲིད་བློན་ལས་ཐོགས་ཇ་སེ་ཊིན་ཊྲུ་ཌོ་མཆོག་གི་ཚབ་ཏུ་སྲིད་བློན་གསར་པའི་མཚན་གནས་བཞེས་ཀྱི་ཡོད་སྐོར་གསར་འགོད་པ་གྷེ་བྷི་སིང་གྷར་གྱིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན།
ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བའི་གུ་ཡངས་ཚོགས་པའི་འགོ་ཁྲིད་གསར་པ་མར་ཁེ་ཁར་ནེས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོང་དམག་བསླངས་ཀྱང་ཁེ་ན་ཌར་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་བསྒྲགས།
ཡུག་ཀེ་རན་ནང་སྲིད་ལས་ཁུངས་ཀྱིས་སྤྱི་ཟླ་༣ པའི་ཚེས་༨ རེས་གཟའ་སྤེན་པའི་ཉིན་བརྗོད་དོན་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་རེས་གཟའ་པ་སངས་ཀྱི་དགོང་མོ་ནམ་དཀྱིལ་ཙམ་ལ་ཡུག་ཀེ་རན་གྱི་ཌོན་ནེ་ཚི་ཁི་ས་ཁུལ་གྱི་ཌོ་བྷ་རོ་ཕི་ལི་ཡ་ཞེས་སུ་འབོད་པའི་ས་ཆ་ལ་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག།
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཱར་ཁི་རུ་ཊེས་ང་ཚོས་འགྲོ་གྲོན་མང་དུ་བཏང་ནས་སོ་སོ་སྲུང་སྐྱོབ་བྱ་དགོས་ཞེས་དང་། ཡུ་རོབ་ཀྱིས་གལ་སྲིད་སོ་སོའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཚེ། གལ་འགངས་ཆེ་ཤོས་དེ་རྒྱལ་སྲུང་གི་སྔོན་རྩིས་མང་དུ་གཏང་རྒྱུ་དང་། དམག་དོན་མཁོ་ཆས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་གཏང་རྒྱུ་དེ་རེད། ཅེས་གསུངས།
མང་སྣོན།