བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བོད་ཟླ་དང་པོའི་ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་བསྐྱངས་གནང་གིས། སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་མཛད་སོང་།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པ་དེ་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་གངས་ཅན་སྐྱིད་གཤོངས་བཀའ་ཤག་ཚོགས་ཁང་དུ་འཚོགས་བཞིན་པ་དང་། ད་རེས་ཀྱི་ལྷན་ཚོགས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་གསུང་གནང་སོང་།
གཟའ་འཁོར་འདིའི་བོད་གནས་ཕྱོགས་བསྒྲིགས། བདུན་ཕྲག་འདིར་བོད་དོན་དང་འབྲེལ་གསར་འགྱུར་ཕྱོགས་བསྡུས་བཅས་སྙན་སྒྲོན་ཞུ་རྒྱུ་ཡོད།
ཕྱི་ཟླ་གསུམ་པའི་ཚེས་༡༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་གཉིས་དང་ཧུན་སུར་གཞིས་ཆགས་ཀོ་ལི་གྷལ་གཞིས་ཆགས་བཅས་གཞིས་ཆགས་བཞིའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཐུན་མོང་ནས་འགོ་ཁྲིད་པའི་མང་ཚོགས་ཉིས་བརྒྱ་མ་ཟིན་ཙམ་ནས་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་དེ་རིང་སྤྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་ལྷག་བསམ་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་དྲན་དང་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་ཆེད་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པ་སྲུང་བརྩི་ཞུས།
༄༅།།བལ་ཡུལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་བསླབ་པ་མཐར་སོན་མཁན་རྣམས་ལ་ཕྱག་འཁྱེར་དང་དགོན་ཁག་བཅུའི་སློབ་མ་རྩེ་ཕུད་རྣམས་ལ་གཟེངས་བསྟོད་བྱ་དགའ་བསྩལ་ཡོད་པ་རེད།།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༦ པ་སྲུང་བརྩི་གཟབ་རྒྱས་ཞུས་སོང། སྐབས་དེར་ཨ་རིའི་གནད་ཡོད་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་དམིགས་བསལ་གསུང་འཕྲིན་ཡང་གནང་འདུག།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ ཉིན་རྒྱ་གར་ལྷོ་ཕྱོགས་སུ་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་ཧུན་སུར་ཀོ་ལི་གྷལ་བཅས་གཞིས་ཆགས་བཞི་ཡི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཐུན་མོང་ནས་འགོ་ཁྲིད་པའི་འོག་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་ཡོད་པ་རེད།
དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ཉིན་ཏེ། རྒྱ་ནག་གི་བོད་ནང་བཙན་འཛུལ་ལ་ཆོལ་གསུམ་བོད་མི་ཡོངས་ཀྱིས་ངོ་རྒོལ་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བྱས་ཏེ་མི་ལོ་ ༦༦ འགྲོ་བཞིན་པའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་བཞུགས་སྒར་ཐེག་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་ལྡི་ལི་རྒྱ་ནག་གཞུང་ཚབ་ཏུ་རྒོལ་མཆོང་ལས་འགུལ་སྤེལ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དང་། ལས་འགུལ་བ་ཚོས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག འཛམ་གླིང་རྒྱལ་ཚོགས་ནས་བོད་ལ་རོགས་རམ་གནང་དགོས། བོད་ནང་རང་དབང་མེད་པ་སོགས་ཀྱི་འབོད་ཚིག་བསྒྲགས།
སྤྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༨ ཉིན། ནིའུ་འཇར་སི་མངའ་སྡེའི་གྲོས་ཚོཊ་འོག་མའི་འཐུས་མི་དང་ཨི་སེ་ཊེ་རཱ་དྷར་ཧྥོ་ཊེ་ས་གནས་ཀྱི་གྲོང་སྡེའི་སྤྱི་ཁྱབ་ཀྱིས་དབུས་པའི་ས་གནས་ཀྱི་དཔོན་རིག་ཁག་ཅིག་དང་བོད་པ་ཚོ་ལྷན་ཅིག་གྲོང་སྡེ་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པའི་སྐོར་འདིར་གསལ།
བོད་ནང་རྒྱ་ནག་གཞུང་གིས་དྲག་པོའི་དམག་ཁྲིམས་བསྡམས་ཏེ། གཞིས་བཞུགས་བོད་མིས་བཟོད་པར་དཀའ་བའི་དཀའ་སྡུག་མྱངས་དགོས་བྱུང་བར་རྗེས་དྲན་ཆེད། གཞུང་འབྲེལ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་དེ་བཞིན་དེ་རིང་ཕྱི་ཟླ་༣ ཚེས་༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་གནང་ཡོད་པའི་སྐོར་འདིར་གསལ།
མང་སྣོན།