ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་མིག་དམར། ༢༠༢༥/༠༤/༡༥

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༡༠

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་དང་བྱིས་པར་གཟིགས་སྐྱོང་གནང་མཁན་དབུ་ཁྲིད་ཁག་གི་ལྷན་ཚོགས་ཤིག་གི་སྟེང་དྲ་ལམ་བརྒྱུད་ནས་བྱིས་པར་གཟིགས་རྟོག་གནང་དགོས་པའི་ཐད་ཀྱི་གསུང་འཕྲིན་ཞིག་བསྩལ་ཡོད་པ། རྒྱ་གར་བྱང་ཤར་ཤིས་ལུང་དུ་གནས་བཞུགས་བོད་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་བོད་ཀྱི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་གསལ་བསྒྲགས་གནང་ཡོད་པ། རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་པ་སྐྱེལ་བཞིན་པར་ཉེས་ཆད་གཅོད་རྒྱུའི་ཆེད་དུ་ཨ་རིས་ཞིན་ཅང་ས་ཁུལ་ནས་སྲིང་བལ་དང་ལྡུམ་སྒོང་གི་ཚོང་ནང་འདྲེན་བྱ་རྒྱུ་མཚམས་འཇོག་འཆར་ཡོད་པ། ཨོ་གླིང་རྒྱལ་ཁབ་དང་རྒྱ་ནག་གཉིས་བར་གྱི་ཚོང་འབྲེལ་དང་ཕྱི་འབྲེལ་གྱི་འབྲེལ་ལམ་སྡུག་རུ་འགྲོ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ཟླ་བ་༩ ཚེས་༡༠

བོད་པ་ལྔས་སུད་སི་རྒྱལ་ཁབ་ཏུ་བོད་དོན་གོམ་བགྲོད། གཟའ་འཁོར་གཅིག་ལ་བོད་པ་བཙན་བྱོལ་བ་༡༡༣་ལ་ནད་དུག་འགོས་པ། མཚོ་ལྷོ་ཁུལ་དུ་ཁྱིམ་ཐོ་ཞིབ་བཤེར་དང་ལྕགས་ལམ་འཛུགས་སྐྲུན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ངོ་རྒོལ་བྱ་འཆར། ཨ་རིས་རྒྱ་ནག་གི་སློབ་ཕྲུག་ཆིག་སྟོང་གི་ཐོངས་མཆན་ཕྱིར་བསྡུ། ཨ་རི་དང་རྒྱ་ནག་གིས་གསར་འགོད་རང་དབང་སོགས་ལ་འཐབ་རྩོད། སྲིད་འཛིན་ཊམ་གྱིས་བསམ་བཞིན་ནད་ཡམས་ལ་སྣང་ཆུང་བཏང་སོང་ཟེར། རྒྱ་གར་གྱིས་ཧྥ་རན་སིའི་འཐབ་འཛིང་གནམ་གྲུ་ལྔ་ཁ་སྣོན། དམངས་གཙོའི་མཐུན་ཕྱོགས་ཚོས་རྒྱ་ནག་དང་ཨུ་རུ་སུ་ལ་ཁ་གཏད། ཨོ་གླིང་གཞུང་གིས་རྒྱ་མིའི་མཁས་པ་ཞིག་གི་ཐོངས་མཆན་ཕྱིར་བསྡུ།

XS
SM
MD
LG