ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་མིག་དམར། ༢༠༢༥/༠༤/༡༥

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༣

རྒྱ་གར་རྡ་རམ་ས་ལ་རུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་བཅས་མཉམ་འཛོམས་ཀྱིས་བོད་ཀྱི་དམངས་གཙོའི་དུས་ཆེན་ཐེངས་༦༠ པ་སྲུང་བརྩི་ཞུས་ཡོད་པ། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་གཉིས་ཀྱིས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུའི་གསལ་བསྒྲགས་གནང་ཡོད་པ། རྒྱ་དཀར་ནག་གཉིས་བར་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྩོད་རྙོག་བྱུང་བཞིན་པའི་སྐབས་འདིར་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་བློན་ཆེན་གཉིས་ཨུ་རུ་སུའི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱས་ཡོད་པ། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་བྱིས་པ་ཚོ་སློབ་གྲྭར་གཏང་རྒྱུར་ཐག་བཅོད་བྱེད་དཀའ་བ། བོད་དོན་ལས་འགུལ་བ་ཞིག་གིས་བོད་དོན་ཆེད་བང་རྒྱུགས་ལས་འགུལ་མཇུག་སྒྲིལ་བ་བཅས་ཀྱི་གནས་ཚུལ།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ཟླ་༩ ཚེས་༣

བོད་དོན་ལས་འགུལ་བ་ཞིག་གིས་བོད་དོན་ཆེད་བང་རྒྱུགས་ལས་འགུལ་མཇུག་བསྒྲིལ། རྒྱ་གར་གྱིས་རྒྱ་ནག་གི་བཀོལ་ཆས་བརྒྱ་ཐམ་པ་ལྷག་བཀག་སྡོམ། སྲིད་བློན་མོ་དྷི་ཡི་ཊིག་ཊར་དྲྭ་བྱང་ལ་ལྐོག་འཛུལ་གཏོར་བརླག ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གྱིས་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་ལ་རྒྱབ་སྐྱོར། ཧོང་ཀོང་ཁྲིམས་ཁང་གིས་དམངས་གཙོ་དོན་གཉེར་བ་ཞིག་ལ་ཉེས་མེད་ཐག་གཅོད། རྒྱ་གར་ཨ་སམ་མངའ་སྡེར་གཞིས་མི་ཚོར་ས་ཆའི་བདག་དབང་ཐོབ་ཐབས། འོས་བསྡུར་བར་ཆད་འགོག་རྒྱུར་ཟུང་འབྲེལ་ཚོགས་ཆུང་འཛུགས་རྒྱུ། ཨ་རིའི་ནང་རྒྱ་ནག་གཞུང་འབྲེལ་མི་སྣས་བྱ་བར་དོ་དམ་དུ་གཏོང་རྒྱུ། ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ལ་དུག་སྤྲད་འདུག་ཟེར།

XS
SM
MD
LG