རྒྱང་སྲིང་དུས་ཚོད།
༠༨:༠༠ - ༠༨:༥༩
སྔ་དྲོའི་རླུང་འཕྲིན།
སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཀྱི་ཆེའི་མཐོའི་ཚོགས་འདུར་༧གོང་ས་མཆོག་གིས་བཀའ་སློབ་གནང་བ། རྒྱ་ནག་གི་དམག་མིས་རྒྱ་གར་བ་ལྔ་རྒྱ་གར་ལ་རྩིས་སྤྲོད་བྱས་ཡོད་པ། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ནང་བཙོན་འཇུག་བྱས་པའི་ཧོང་ཀོང་བ་༡༢་གྱི་ཐད་བློ་ཚབས་བྱེད་པ། ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇྷོ་བྷ་ཌེན་གྱིས་གཞོན་ནུ་རྣམས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུའི་འབད་བརྩོན་བྱེད་པ།
༢༢:༠༠ - ༢༢:༥༩
དགོང་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༩ ཚེས་ ༡༣
།གྲོས་ཚོགས་ཀྱི་ཚོགས་གཙོ་བདུན་གྱིས་ཚོགས་འདུར་༧གོང་ས་མཆོག་གིས་བཀའ་སློབ། །སྲིད་འཛིན་ཁྲམ་གྱིས་མེ་སྐྱོན་ཚབས་ཆེན་བྱུང་ཡུལ་ཁེ་ལེ་ཕོ་ནི་ཡར་ཆེད་ཕེབས་གནང་རྒྱུ་ཡིན་པ། །རྒྱ་དཀར་ནག་གཉིས་ཀྱིས་དམག་དཔུང་ས་མཚམས་ནས་ཕྱིར་ཞིག་རྒྱབ་རྒྱུ། །འབྲུག་རྒྱལ་གྱིས་ཏོག་དབྱིབས་ནད་རིམས་སྐོར་བཀའ་སློབ་གནང་བ། །ཨ་རིའི་ཕྱི་སྲིད་དྲུང་ཆེས་ཏུར་ཀི་བྱ་སྤྱོད་དེར་སེམས་ཚབས་ཡོད་པའི་གསལ་སྟོན་གནང་བ།