རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༡་ཚེས་༡།
༢༠༢༠་ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་ཉེན་ཁར་དོ་སྣང་། རྒྱ་གར་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་མེད་པ། རྒྱ་ནག་གིས་མཚོ་ཐོག་དམག་དོན་རྒྱ་བསྐྱེད་བྱེད་བཞིན་པ། རྒྱ་གར་གྱི་ཞིང་པས་ཟ་སྣུམ་རང་ཁ་གསོ་ཐུབ་དགོས་པའི་གནད་འགག ཨ་ཧྥི་རི་ཀར་འགོག་ཁབ་བགོ་འགྲེམ་གྱི་ཐོབ་སྐལ་འདྲ་མཉམ་དགོས་པ།
དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༡་ཚེས་༡
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་༢༠༢༡ ཕྱི་ལུགས་ལོ་གསར་ལ་འཚམས་འཕྲིན་བསྩལ་བ་དང་། འཛམ་གླིང་གང་སར་ཕྱི་ལོ་༢༠༢༠ སྐྱེལ་མ་དང་ལོ་གསར་བསུ་མ་བྱས་པ། བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལ་སྟ་གོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་སྣེས་འོས་བསྡུ་དང་ལོ་གསར་སྐབས་གཟབ་ནན་བྱེད་དགོས་པའི་འབོད་སྐུལ་བརྒྱབ་པ། དབྱིན་ཇིའི་གཞུང་གིས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ལ་ཆོག་མཆན་གནང་བ་དང་། ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་ནང་གྲོས་ཚོགས་གོང་མའི་འཐུས་མིའི་འོས་བསྡུ་འཕར་མར་གྲ་སྒྲིག་གནང་བཞིན་པ། རྒྱ་ནག་ནི་བསྐྱར་དུ་འཛམ་གླིང་སྟེང་གི་གསར་འགོད་པར་དམ་དྲག་བྱེད་མཁན་གྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་བཅས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་ལ་ཕྱི་ལོ་༢༠༢༠ ནང་གི་ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་དང་དཀའ་ངལ་ཐད་བཅར་འདྲི་བྱས་པ་དང་། ང་ལ་སྤྱི་འཐུས་ཀྱི་འོས་འཕེན་རོགས་ཞེས་པའི་ལེའུ་བདུན་པའི་ནང་ལྷོ་བྱང་ཨ་རིའི་སྤྱི་འཐུས་ལ་ལངས་མཁན་གསུམ་དང་། ཡུ་རོབ་ཀྱི་སྤྱི་འཐུས་ལ་ལངས་མཁན་གསུམ། དེ་བཞིན་དབུས་གཙང་གི་སྤྱི་འཐུས་འོས་མིར་ལངས་མཁན་གཅིག་བཅས་ངོ་སྤྲོད་བྱས་ཡོད།།