རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༨ ཚེས་ ༡༧
།ཨ་རིས་ཐེ་ཝན་ལ་ཨེཕྷ་༡༦དམག་འཐབ་གནམ་གྲུ་ཚོང་གཏན་འཁེལ་བ། །སྲིད་འཛིན་འོས་བསྡུ་རྒྱལ་ཁ་ཐོབ་ཚེ་རྒྱ་གར་ལ་དཔུང་རོགས་བྱ་རྒྱུ། །ཨ་རིས་ལན་མང་ཕར་རྒོལ་གནང་སྟབས་རྒྱ་ནག་གིས་གོ་སྐབས་སྒུགས་ནས་བསྡད་ཡོད། །རྒྱ་ནག་གིས་ཨ་རིའི་ཚོང་ཟོག་དེ་ཙམ་ཉོ་སྒྲུབ་བྱས་པར་ཨ་རི་འདོད་བློ་འཁེང་ཡོད། །ཧོང་ཀོང་གི་སྤྱི་ཁྱབ་ལེམ་དབྱིན་ཇིའི་མཐོ་སློབ་ཀྱི་མཚན་གནས་ནས་ཕྱིར་འཐེན་བྱས་པ། །རྒྱ་གར་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་ཞིག་གསལ་བསྒྲགས་བྱས་པ། །ཨ་མི་རི་ཀས་ཐེ་ཝན་གྱི་སྲུང་སྐྱོབས་འགན་སྲུང་བྱེད་དགོས་པ། །ཀྲམ་གྱིས་ཊྲིཀ་ཊྲོཀ་བཀོལ་ཆས་ཉོ་སྒྲུབ་དུས་ཚོད་ཡིག་ཆར་མིང་རྟགས་བཀོད་པ།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ ཚེས་༡༧
ད་ལོོའི་སྤྱི་ཟླ་དགུ་བའི་ནང་འཚོགས་འཆར་ཡོད་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་བ་དེ་ལོ་རྗེས་མའི་སྤྱི་ཟླ་གསུམ་པའི་ནང་བར་དུ་འཕར་འགྱངས་བྱས་ཡོད་པའི་སྐོར་དང་། ད་ལོའི་སྲིད་འཛིན་འོས་བསྡུ་ཆེན་མོ་སླེབས་གྲབས་ཡོད་པ་དང་བསྟུན་ནས་ཨ་རིའི་དམངས་གཙོ་ཆབ་སྲིད་ཚོགས་པས་རྒྱལ་ཡོངས་ཚོགས་ཆེན་འཚོགས་བཞིན་ཡོད་པ། ཐེ་ཝན་གྱིས་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་གཞི་སྡོད་པ་རྣམས་ལ་བརྟག་དཔྱད་ནན་མོ་བྱས་ཏེ་ཐེ་ཝན་ཏུ་རྒྱ་ནག་གི་གསང་མྱུལ་བ་ཡོང་ཉེན་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་པ། ཤར་ཡོ་རོབ་ཀྱི་རྒྱལ་ཁབ་བྷེ་ལ་རོད་སི་རུ་མི་དམངས་ནས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་བཅས་ཀྱི་གནས་ཚུལ།