རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༧ ཚེས་ ༢༧
མཁའ་དབྱིངས་དབྱིན་ཇིའི་རྒྱལ་སྲུང་གི་གཙོ་གནད་ཡིན། འབྲས་ལྗོངས་ནང་ཏོག་དབྱིབས་ནད་དུག་གིས་མི་དང་པོ་དེ་ཤི་འདུག ཨ་རིའི་མཐོང་ཆན་མགོ་སྐོར་གཏོང་མཁན་རྒྱ་མི་ཉམས་ཞིབ་པ་ཞིག་བཀག་ཉར་བྱུང་བ། ཡུསེ་གྲོན་དུ་རྒྱ་ནག་གི་དོན་གཅོད་ལས་ཁུངས་ནང་ཨ་རིས་ལུགས་མཐུན་མིན་པར་འཛུལ་བར་རྒྱ་ནག་གིས་ཉེས་བཙུགས་བྱས་པ། བྱང་ཀོ་རི་ཡའི་ནང་ཏོག་དབྱིབས་ནད་དུག་བགོས་པའི་མི་ཅིག་གསལ་བཏོན།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༧ ཚེས་ ༢༧
ཁྲེང་ཏུའི་ཨ་རིའི་དོན་གཅོད་ལས་ཁུངས་དངོས་སུ་སྒོ་བརྒྱབ་པ། ཨ་རྒྱ་གཉིས་གྱི་འབྲེལ་བ་ཇེ་སྡུག་དང་རྡོ་སྣུམ་གྱི་རིན་གོང་ཆག་པ།ཨེ་ཤི་ཡར་ཏོག་དབྱིབས་ནད་དུག་བསྐྱར་ལོག་རྒྱག་གི་ཡོད་པ།པོ་ཌི་ལན་ཌིར་དྲག་དཔུང་བཏང་སྟེ་ངོ་རྒོལ་རྒྱ་ཆེ་རུ་འགྲོ་བཞིན་པ། ཨ་རིའི་མངའ་སྡེ་ཁག་ཅིག་ཏུ་ཌོ་ནལ་ཊམ་རྗེས་སུ་ལུས་ཡོད་པ། རྒྱ་ནག་གིས་ཁེ་ན་ཌའི་གཏེར་ས་ཞིག་ཉོ་རྒྱུ་དེར་སྐྱོན་བརྗོད།ཨ་རིས་ཧོང་ཀོང་ལ་ཉེས་ཆད་བཅད་པར་འོས་མི་ཚོས་རྒྱབ་སྐྱོར་བྱེད་ཀྱི་མེད་པ། ཨ་རིའི་ན་གཞོན་ཚོར་ཏོག་དབྱིབས་ནད་དུག་འགོས་ཁྱབ།