རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༧ ཚེས་ ༢༡
མོན་གྷོ་གཞིས་ཆགས་སུ་ནད་དུག་འགོས་པའི་མི་གྲངས་༡༥་བྱུང་བ། ཨོ་གླིང་གཞུང་གིས་ཊིག་ཊོག་བཀོལ་ཆས་ལ་བརྟག་ཞིབ། ཇཱོ་ཤཱི་ཝ་ཝང་གིས་ང་མ་བཀག་སྔོན་དུ་བསམ་བློ་ཐོངས་ཟེར། རྒྱ་ནག་གིས་ཨ་རིར་ཁ་གཏད་གཅོག་པར་དམག་དཔུང་རྒྱ་སྐྱེད། མི་རིགས་དབྱེ་འབྱེད་དང་ངལ་རྩོལ་བའི་ཐོབ་ཐང་ཆེད་དུ་ལས་བཤོལ་ངོ་རྒོལ། ཐེ་ཝན་གྲོས་ཚོགས་སུ་ཨ་རིའི་མཛའ་གྲོགས་ལྷན་ཚོགས་གསར་འཛུགས། ཧོང་ཀོང་གི་རྒྱལ་སྤྱིའི་དངུལ་ཁང་ཁག་ཆབ་སྲིད་ལ་གཡོལ་ཐབས། ཧོང་ཀོང་གི་ཚབ་ཏུ་ཨེ་ཤི་ཡའི་དངུལ་རྩའི་ལྟེ་གནས་མུམ་བྷེ་འགྱུར་ཐབས།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༦ ཚེས་༠༣
ཨ་རིའི་རླུང་འཕྲིན་ཁང་གི་དེ་རིང་གི་ཀུན་གླེང་གསར་འགྱུར་དུ་༧གོང་ས་མཆོག་གིས་ས་ག་ཟླ་བའི་ཚེས་༡༥ ཉིན་སེམས་བསྐྱེད་སྡོམ་པ་གནང་རྒྱུ་དང་། སྲིད་འཛིན་ཊམ་གྱིས་རྒྱ་ནག་ལ་ཆེད་དོན་གསར་སྤེལ་ཚོགས་འདུ་གནང་ཞིང་ཨ་རིའི་ནང་གི་ངོ་རྒོལ་ལས་འགུལ་སོགས་ཡོད། ཀུན་གླེང་གི་བརྗོད་བྱ་གཉིས་ནི་ཨ་རིའི་ནང་གི་ངོ་རྒོལ་དང་རྒྱལ་ཁབ་གཞན་གྱི་ལོག་འགྲེལ་དང་། བོད་ཀྱི་ལོ་རྒྱུས་ནང་བྱུང་པའི་ནད་ཡམས་དང་བཅོས་ཐབས་ཡིན། དུས་ཐོག་གསན་གཟིགས་གནང་བར་ཞུ།