ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་མིག་དམར། ༢༠༢༥/༠༤/༡༥

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན། ཟ་༧ ཚེས་༢༩

རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་སུ་དམག་དོན་ལ་དམིགས་ནས་འཛུགས་སྐྲུན། རྒྱ་གར་གྱིས་ས་མཚམས་སུ་ལྕགས་ཁྲབ་འཁོར་ལོ་འགྲེམ་འཇོག། རྒྱ་ནག་གིས་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱས་ཡོད་ཟེར། རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་བཀོལ་ཆས་༤༧་འགོག་རྒྱུ། རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་བཀོལ་ཆས་༤༧་འགོག་རྒྱུ།་ རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་བཀོལ་ཆས་༤༧་འགོག་རྒྱུ། ཧོང་ཀོང་གི་དམངས་གཙོའི་ཚོགས་མི་ཚོར་ལངས་ཕྱོགས་འདྲི་ཞིབ། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་༣་ལ་དོན་ཚན་བཞི་ཅན་གྱི་གྲོས་གཞི་བཏོན། མ་ལེ་ཤི་ཡའི་སྲིད་བློན་ཟུར་པར་ལོ་༡༢་གྱི་ཁྲིམས་ཐག་བཅད་པ།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༠༧ ཚེས་༢༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་གྱི་གསར་འགྱུར་ལེ་ཚན་ནང་༧གོང་ས་མཆོག་གིས་བྱམས་བརྩེའི་ཐད་བཀའ་སློབ་བསྩལ་བ་དང་། ཨ་རིའི་འོས་བསྡུ། ཞིན་ཅང་དུ་རིམས་ནད་ཁྱབ་བཞིན་པ། ཨ་རིའི་ཁྲེང་ཏུའུ་དོན་གཅོད་ཁང་སྒོ་བརྒྱབ་པ། བོད་མིའི་སྒྲིག་འཛུགས་ཀྱིས་སེམས་ཁམས་བདེ་ཐང་ཐད་ཀྱི་གློག་བརྙན་འགྲེམས་སྤེལ་བྱས་པ་སོགས་ཀྱི་གསར་འགྱུར་ཡོད། ཀུན་གླེང་དུ་ཨ རིའི་ཕྱི་སྲིད་དྲུང་ཆེས་རྒྱ་དམར་ཐད་གཏམ་བཤད་གནང་བའི་ནང་དོན་དང་། སྤྱི་ལེ་དགུ་བརྒྱར་བོད་དོན་ཞི་བའི་གོམ་བགྲོད་པ་སངས་རྒྱས་སྐྱབས་ལགས་ལ་བཅར་འདྲི་བྱས་པ་བཅས་བརྗོད་བྱ་གཉིས་ཡོད།།

XS
SM
MD
LG