རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ཟླ་༨ ཚེས་༢༣
ག་ཁྲི་འདུ་རྫོང་ནས་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པ། ནུབ་ཨཕེ་རི་ཁའི་ཡུལ་གྲུ་ཁག་གི་སྐུ་ཚབ་མཱ་ལི་ནང་འབྱོར་བ། ཨ་རིའི་གཞུང་འབྲེལ་ཡིག་ཆར་ཤི་ཅིང་ཕིང་ལ་སྲིད་འཛིན་ཞེས་འབོད་རྒྱུ་མེད་པའི་གྲོས་འཆར། ཨ་རིའི་ནུབ་ངོས་སུ་མེ་སྐྱོན་ཚབས་ཆེར་གྱུར་ཡོད་པ། ཨུ་རུ་སུས་ཨ་རི་དང་རྒྱ་གར་གྱི་རྒྱབ་གཉེར་བྱ་མིན་སྐོར། ཐའེ་ཝན་གྱིས་སིང་ག་སྤུར་འགྲུལ་པ་ཚོར་སྔོན་འགོག་ཟུར་བཀག་དུས་ཚོད་ཉུང་དུ་བཏང་བ།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ཚེས་༢༣
བདུན་ཕྲག་རྗེས་མའི་ནང་ཨ་རིའི་སྤྱི་མཐུན་སྲིད་དོན་ཚོགས་པས་རྒྱལ་ཡོངས་ཚོགས་ཆེན་འཚོགས་འཆར་ཡོད་གནས་ཚུལ་དང་། རྒྱ་གར་དུ་རྒྱ་ནག་ཝུའུ་ཧན་ནས་ཁྱབ་ཡོང་བའི་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་མི་གྲངས་ས་ཡ་གསུམ་ལས་བརྒལ་ཡོད་པ། ཨ་རིའི་ཁཱ་ལི་ཧྥོར་ནིས་ཡ་མངའ་སྡེའི་ནང་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་བྱུང་ཞིང་། ཉེ་འཁོར་དུ་གནས་པའི་མི་སྡེ་ལ་གནོད་པ་ཆེན་པོ་ཐེབས་བཞིན་ཡོད་པ། ཨ་རི་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་འབྲེལ་ལམ་སྡུག་རུ་ཕྱིན་པ་དང་བསྟུན་ནས་ཨ་རི་དང་ཐེ་ཝན་བར་གྱི་ཕྱི་འབྲེལ་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།