རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ཟླ་༨ ཚེས་༢༢
བྷ་ཌན་གྱིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཞལ་བཞེས། ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ལ་དུག་སྤྲད་ཡོད་པའི་དོགས་པ། འོས་བསྡུའི་མིང་གཞུང་དེབ་འགོད་ཀྱི་ཚེས་གྲངས་གསལ་བསྒྲགས། ཐེ་ཝན་གྱིས་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་རྒྱུ། ཨ་རིའི་སྦྲག་ཁང་གི་སྤྱི་ཁྱབ་དང་སྲིད་འཛིན་ཊམ་གྱི་འབྲེལ་བ། ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་ཆེད་དུ་ཆབ་སྲིད་ཀྱི་ལས་འགུལ། ཧར་ཝྭ་ཌི་སློབ་ཆེན་གྱིས་རྒྱ་ནག་གི་སློབ་དཔོན་ཞིག་གདན་འདྲེན་ཞུས། ཨ་རིའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་དང་ཐེ་ཝན། ལ་དྭགས་ཀྱི་ས་མཚམས་སུ་རྒྱ་ལམ་གཉིས་འཛུགས་སྐྲུན། ཀིམ་ཇུང་ཨུན་གྱི་གཅུང་མོའི་དབང་ཚད་ཇེ་ཆེ།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ཚེས་༢༢
ཡུལ་ཤུལ་བོད་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནས་བོད་མི་གཉིས་རྒྱ་ནག་གཞུང་གིས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ནི་གཞུང་གིས་ས་གནས་བོད་མིའི་རྩྭ་ས་གཞུང་བཞེས་གཏོང་རྒྱུའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་བཞིན་པ། རྒྱ་གར་དུ་རྒྱ་ནག་ཝུའུ་ཧན་ནས་ཁྱབ་ཡོང་བའི་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་མི་གྲངས་མང་ནས་མང་རུ་འགྲོ་བཞིན་ཡོད་པ་དང་།ད་སྔ་རིམས་ནད་ཕོག་མཁན་གྱི་མི་གྲངས་ས་ཡ་གསུམ་ལ་སླེབས་གྲབས་ཡོད་པའི་གནས་ཚུལ། རྒྱ་ནག་གཞུང་གིས་ཚན་རྩལ་ཆེད་མཁས་པ་སྐོང་འགུགས་བྱ་རྒྱུའི་ཆེད་དུ་འཛམ་གླིང་གང་སར་མི་སྣ་སྐོང་འགུགས་ཀྱི་ལས་ཁང་དྲུག་བརྒྱ་ལྷག་བཙུགས་ཡོད་པ་དང་དེའི་གྲས་ཀྱི་མང་ཆེ་བ་ཨ་རིའི་ནང་ཡོད་པ། རྒྱ་དཀར་ནག་གཉིས་ཀྱིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་ཕྱོགས་གཉིས་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པའི་གནས་ཚུལ་སོགས་ཡོད།