རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ཟླ་བ་༨ ཚེས་༡༦
News Headline གསར་འགྱུར་འགོ་བརྗོད། ༡། རྒྱ་ནག་གི་ཁྲིམས་ལུགས་གསར་པའི་འོག་ཧོང་ཀོང་གི་གསར་འགོད་རང་དབང་ལ་རྩིས་མེད་བཏང་བ། ༢། ཨ་རི་དང་འབྲེལ་ལམ་ཉམས་རྒུད་སོང་རྗེས་རྒྱ་ནག་གིས་ངར་ཤུགས་ཆུང་དུ་སོང་བ། ༤། བྷེ་ལ་རུ་སུ་ཡི་དཀའ་རྙོག་སེལ་རྒྱུའི་རེ་བ་ཡོད་ལུཌ་བཤད་ཡོད། ༥། རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་སྨན་ཁབ་ཁག་གསུམ་ཚོད་ལྟ་རིམ་པའི་ནང་ཡོད་པ། ༦། ཧོང་ཀོང་གི་གནད་དོན་ཐད་ཨ་རི་དང་ཡོ་རོབ་མཉམ་ལས་བྱ་དགོས་པའི་འབོད་སྐུལ།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ཚེས་༡༦
ཉེ་ཆར་རྒྱ་གར་གྱིས་ལོ་སང་ངམ་ཆཱ་ལེ་ཕིན་ཅེས་པའི་རྒྱ་ནག་གི་མི་ཞིག་དངུལ་ནག་ཚོང་བྱེད་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཤིང་། མི་དེའི་བོད་ཀྱི་གནས་ཚུལ་དག་གསང་བའི་སྒོ་ནས་བསྡུ་ཉར་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་སྐོར། རྒྱ་གར་རང་བཙན་བྱུང་བའི་ཉིན་མོ་དང་བསྟུན་ནས་རྒྱ་གར་དང་བལ་ཡུལ་གྱི་ཆེས་མཐོའི་མགོ་ཁྲིད་བར་དུ་ཞལ་པར་གྱི་ལམ་ནས་ཐད་ཀར་འབྲེལ་ལམ་བྱུང་ཡོད་པ། རྒྱ་ནག་ཏུ་འདས་པའི་ལོ་ངོ་བཅུའི་རིང་པོད་འཕྲིན་གྱི་དྲ་རྒྱའི་བརྒྱུད་ལམ་ལ་ལྟ་རྟོག་སྟངས་འཛིན་གྱི་ལས་ཀ་བྱས་མྱོང་མཁན་ཞིག་གིས་རྒྱ་ནག་གི་གསང་བ་ཐེར་འདོན་བྱས་ཡོད་པ། བྷེ་ལ་རོས་སི་རྒྱལ་ཁབ་ཏུ་སྲིད་འཛིན་འོས་བསྡུ་དང་འབྲེལ་ནས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ།