ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་སྤེན་པ། ༢༠༢༥/༠༤/༢༦

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༨

ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་ཉིན་མོ་སླེབས་རྒྱུའི་བར་དུ་དུས་ཡུན་བདུན་ཕྲག་གཅིག་ལས་མེད་པའི་སྐབས་འདིར། སྲིད་འཛིན་འོས་མི་གཉིས་ནས་གནད་འགག་ཅན་གྱི་མངའ་སྡེ་ཁག་གི་ནང་འོས་བསྡུའི་གཏམ་བཤད་ཀྱི་ལས་འགུལ་རྒྱ་ཆེན་པོར་སྤེལ་བཞིན་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ་གཉིས་རྒྱ་གར་དུ་ཕྱིན་ཡོད་པ་དང་། ཨ་རི་དང་རྒྱ་གར་གཉིས་བར་རྒྱལ་སྲུང་དམག་དོན་གྱི་ཐད་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཅིག་བཞག་ཡོད་པ། ཉེ་བའི་ཉིན་ཁ་ཤས་ཀྱི་རིང་ཨ་རིར་ཏོག་དབྱིབས་རིམས་ནད་གསར་དུ་ཕོག་མཁན་གྱི་མི་གྲངས་མང་རུ་ཕྱིན་ཡོད་ནའང་། རིམས་ནད་ལ་བརྟེན་ནས་འཆི་སྐྱོན་བྱུང་མཁན་གྱི་གྲངས་ཀ་མང་རུ་འཕར་མེད་པ། རྒྱ་ནག་ཏུ་ཏོག་དབྱིབས་རིམས་ནད་ལ་བརྟེན་ནས་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་ཕྱིན་འདུག་ཅེས་གནད་དོན་དབྱེ་ཞིབ་མཁན་གྱིས་དཔྱད་བརྗོད་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།

༢༢:༠༠ - ༢༣:༠༠

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༠ ཚེས་༢༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་གར་གྱི་མཁས་པ་སྐོར་ཞིག་དང་བཀའ་མོལ་གནང་བ་དང་། ཨ་རི་དང་རྒྱ་གར་གཉིས་ཀྱིས་རྒྱ་ནག་ལ་དམིགས་ནས་བདེ་སྲུང་མོས་མཐུན་བཞག་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་གསར་པ་ཞིག་བཏོན་པ། ཕོ་བྲང་དཀར་པོའི་སློབ་སྟོན་པ་ཞིག་གིས་རྒྱ་སྐད་ཐོག་ཁ་ཞེ་གཉིས་མེད་གལ་ཆེན་ཡིན་པའི་གཏམ་བཤད་གནང་བ། ཨ་རིའི་འོས་བསྡུའི་ཁྲོད་ཀྱི་འགྱུར་བ་སོགས་ཡོད། ཐེངས་འདིའི་ཀུན་གླེང་དུ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་བསྐྱར་དུ་རྒྱ་སྐད་ཐོག་རྒྱ་ནག་ལ་དམིགས་པའི་གཏམ་བཤད་གནང་བའི་ནང་དོན་དང་གནད་འགག དེ་བཞིན་འཛམ་གླིང་ཡོངས་ཁྱབ་ཏུ་མང་གཙོ་དང་རང་དབང་ཐད་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་པའི་སྙན་ཐོའི་ཐད་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG