རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༣
ཉེ་ཆར་སྐུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་སི་བས་སུ་རུ་ཞུགས་འབུལ་གནང་ཡོད་པའི་གནས་ཚུལ་དང་། ་རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་བོད་མི་བརྒྱད་བཅུ་གྱ་གྲངས་བྱུང་སྟེ་གནས་སྟངས་ཛ་དྲག་ངང་དུ་ཡོད་པ། ཡེ་ཤུའི་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་བར་གྱི་འབྲེལ་བ་བསྐྱར་གསོ་ཡོང་ཐབས་སུ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་ཐད་ཀྱི་གྲོས་མཐུན་ཞིག་བཞག་ཡོད་ནའང་། གྲོས་མཐུན་དེ་ཕར་འགྱངས་བྱས་ཡོད་པ། ཨ་རིའི་སྲིད་འཛིན་འོས་འདེམས་བྱ་རྒྱུར་ཉིན་བཅུ་གཅིག་ལས་མེད་པའི་སྐབས་འདིར་སྲིད་འཛིན་འོས་མི་གཉིས་ནས་ཚོགས་ར་གཅིག་ལ་འཛོམས་ནས་རྩོད་གླེང་མཐའ་མ་དེ་གནང་ཡོད་བཅས་ཀྱི་གནས་ཚུལ་ཡོད།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༠ ཚེས་༢༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་བ་དང་། ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱི་རྩོད་བསྡུར་བགྲོ་གླེང་མཐའ་མ་མདང་དགོང་གནང་བ། ཨ་རིའི་འོས་བསྡུ་དང་ཡུ་རོབ་འཇར་མན། དེ་བཞིན་ཨ་རིའི་འོས་བསྡུའི་ཁྲོད་ཀྱི་ས་གནས་ལས་བྱེད་དག་གི་འོས་འགན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་མཇུག་མཐའི་མཇལ་འཛོམས་ཀྱི་ཟིན་ཐོ་དང་། བོད་སྐད་བརྙན་པར་ཟིན་ཐོ་བ་བོད་མོ་ཆུང་ཆུང་ཞིག་ལ་བཅར་འདྲི་བྱས་པ་སོགས་ཡོད། དེ་རིང་གི་ཀུན་གླེང་དུ་ྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གནས་ཡུལ་ཁག་ཏུ་ཏོག་དབྱིབས་ནད་དུག་ཕོག་པའི་གྲངས་འབོར་ཇེ་མཐོར་འགྲོ་བཞིན་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་གཞི་ག་རེ་སྤེལ་བཞིན་པ་དང་། རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ་ལགས་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་ལོ་འཁོར་རྒྱུགས་སྤྲོད་ཐེངས་དྲུག་བསྟུད་མར་ཨང་རིམ་དང་པོ་སོན་པའི་ཐད་བཅར་འདྲི་བྱས་ཡོད།།