རྒྱང་སྲིང་དུས་ཚོད།
༠༨:༠༠ - ༠༨:༥༩
སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༡
ད་ལོའི་ནོ་པེལ་ཞི་བདེའི་གཟེངས་རྟགས་དེ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་བཟའ་འབྲུའི་ལས་འཆར་ལྷན་ཁང་ལ་གནང་གཏན་འཁེལ་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲི་གནང་ཡོད་པ། རྒྱ་ནག་གི་སྒྱུ་རྩལ་པ་ཀྲང་ཧོན་ཟེར་བ་ཞིག་གིས་སྟོད་མངའ་རིས་ཡུལ་གྱི་གངས་དཀར་ཏི་སིའི་མདུན་དུ་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱེད་འཆར་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱེད་བཞིན་ཡོད་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་རྒྱ་ནག་གི་ཁ་གཏད་དུ་མནའ་འབྲེལ་གསར་འཛུགས་དང་། ཐེ་ཝན་གྱི་གནད་དོན་ནི་ཨ་རྒྱ་གཉིས་བར་གྱི་གནད་དོན་ཆེན་པོ་དེ་ཡིན་པ་བཅས་ཀྱི་གཏམ་བཤད་གནང་ཡོད་པ། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་། སྤྱི་ཁྱབ་དམག་སྤྱི་ཆེན་མོ་གཉིས་གཟའ་འཁོར་འདིར་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་ཕྱིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།