རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༡
ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་ནས་མངའ་སྡེ་ཕིན་སོ་བས་ནས་ཡ་ཡི་ནང་དུ་ད་ལོའི་སྲིད་འཛིན་འོས་བསྡུའི་གཏམ་བཤད་ཀྱི་ལས་འགུལ་སྤེལ་བཞིན་པ། དེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞུང་གི་ཁྲིམས་ཞིབ་པ་ཡིན་པའི་བུད་མེད་ཅིག་ཕྱིས་སུ་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་དམངས་གཙོ་དོན་གཉེར་བ་རྣམས་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ། འཛམ་གླིང་གི་སྨན་རིགས་སྣ་མང་བཟོ་སྐྲུན་བྱེད་མཁན་ཡིན་པའི་རྒྱ་གར་གྱིས་ད་ལྟ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་རྫས་བཟོ་སྐྲུན་བྱེད་རྒྱུ་སོགས་ཀྱི་ཐད་འབད་བརྩོན་བྱེད་བཞིན་ཡོད་པའི་གནས་ཚུལ། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡིན་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་སངྒ་ལ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་འགྲོ་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༠ ཚེས་༢༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུཀ་རེན་ལ་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་སློབ་གསོ་ཁྱབ་སྤེལ་དང་། བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་ལོ་༥༩ འཁོར་བ། ཨ་རིའི་འོས་བསྡུའི་ཁྲོད་ཀྱི་ཁྱབ་བསྒྲགས་སྣ་ཚོགས། རྒྱ་ནག་གིས་ཡ་ལན་གྱི་ཚུལ་དུ་ཨ་རིའི་མི་སྣ་ཁག་ཅིག་བཀག་ཉར་བྱེད་སྲིད་པ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་ཀུན་གླེང་དུ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་རྗེས་དྲན་བྱས་ནས་ཁོང་གི་ལོ་རྒྱུས་མི་ཚེའི་མྱོང་ཚོར་ཞེས་པའི་རྩོམ་པ་པོ་དང་། དམ་པ་ཁོང་དང་མཉམ་དུ་རྒྱ་ནག་གི་བཙོན་ཁང་གཅིག་པར་བཙོན་འཇུག་མྱངས་མྱོང་བའི་མི་སྣ་ཞིག་ལ་བཅར་འདྲི་ཞུས་ཡོད།