རྒྱང་སྲིང་དུས་ཚོད།
༠༨:༠༠ - ༠༩:༠༠

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༤
ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་བོད་དོན་དང་འབྲེལ་བའི་གྲོས་འཆར་ཞིག་བཏོན་ཡོད་པར་གྲོས་ཚོགས་འཐུས་མི་བཅུ་ལྷག་གིས་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་དང་། ཉེ་ཆར་གཟའ་ཕུར་བུའི་ཉིན་གྱི་དགོང་མོར་ཨ་རིའི་སྲིད་འཛིན་འོས་མི་གཉིས་ནས་འོས་འདེམས་ཀྱི་བགྲོ་གླེང་མཐའ་མ་དེ་གནང་ཡོད་པ། རྒྱ་ནག་གཞུང་གིས་ཉེ་ཆར་གཟའ་འཁོར་གཅིག་གི་རིང་ཀོ་རི་ཡའི་དམག་འཁྲུག་ལ་རྒྱལ་ཁབ་་ཐོབ་ནས་ལོ་འཁོར་བདུན་བཅུ་འཁོར་བའི་དམིགས་བསལ་གྱི་དྲན་གསོའི་མཛད་སྒོ་ཁག་ཅིག་སྤེལ་བཞིན་པར་སྲིད་དོན་དབྱེ་ཞིབ་པས་་དཔྱད་བརྗོད་སྤེལ་ཡོད་པ། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཅིག་ཏུ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་ཞེན་རིང་ལུགས་སོགས་ཀྱི་འབོད་ཚིག་གི་འོག་ཏུ་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོ་སྤེལ་བཞིན་པ་བཅས་ཀྱི་གནས་ཚུལ་ཡོད།