རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༤
ཉེ་ཆར་ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་ནས་ཁྲིམས་དཔོན་ཆེན་མོར་མིང་འདོན་བྱས་ཡོད་པའི་འོས་མི་ལ་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་ཚོགས་འདུ་འཚོགས་ཡོད་པ། འཛམ་གླིང་གི་མ་རྐང་ཁྲོམ་ར་ཁག་ཏུ་ཁོར་ཡུག་ལ་གནོད་འཚེ་མེད་པའི་ནུས་པའི་ཐོན་ཁུངས་ཀྱི་སྤྱི་གཉེར་ཁང་དག་ལ་མ་རྩ་འཛུགས་མཁན་མང་རུ་འགྲོ་བཞིན་ཡོད་པ། ད་ལོར་བལ་ཡུལ་གྱི་ནང་ཕྱིའི་རྒྱལ་ཁབ་དག་གིས་མ་རྩ་གཏོང་འཆར་ཡོད་པའི་གྲས་ནས་བརྒྱ་ཆའི་དགུ་བཅུ་རྒྱ་ནག་གིས་ཟིན་པ་དེས་ཉོ་ཚོང་སྲིད་ཇུས་ཀྱི་ཐད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་འབྲེལ་ཐག་རིང་རུ་ཕྱིན་པའི་ཐད་དཔྱད་ཞིབ་བྱས་ཡོད་པ། ཏོག་དབྱིབས་རིམས་ནད་སྔོན་འགོག་གི་འགོག་ཁབ་ཚོད་ལྟ་བྱེད་མཁན་སྤྱི་གཉེར་ཁང་རེ་ཟུང་གིས་ཚོད་ལྟ་བྱ་ཡུལ་གྱི་མི་ཁ་ཤས་ཀྱི་གནས་སྟངས་ལ་བརྟེན་ནས་འགོག་ཁབ་ལེགས་འགྲུབ་ཡོང་རྒྱུ་ནར་འགྱངས་སུ་ལུས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༠ ཚེས་༡༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ལས་རིམ་ནང་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལ་དགའ་བསུའི་གསུང་འཕྲིན་བསྩལ་བ་དང་། སེམས་ཁམས་འཕྲོད་བསྟེན་ཐད་གསུང་བཤད་གནང་བ། བཞུགས་སྒར་དྷ་རམ་ས་ལར་བུད་མེད་ལ་རོགས་སྐྱོར་གྱི་ལས་འཆར་ཞིག་འགོ་ཚུགས་པ། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བསྐོ་འཇོག དེ་བཞིན་ཨ་རིས་ཐེ་ཝན་ལ་གོ་མཚོན་བཙོང་འཆར་ཡོད་པའི་གསར་འགྱུར་སོགས་ཡོད། དེ་རིང་གི་ཀུན་གླེང་དུ་སྐུའི་གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས་ལ་གསུང་སྒྱུར་ཞབས་ཞུའི་མྱོང་བ་དང་བསྒྱུར་གྱི་ཁྱད་ཆོས་ཐད་དམིགས་བསལ་བཅར་འདྲི་ཞུས་པ་ཞིག་བཀོད་སྒྲིག་བྱས་ཡོད།།