འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་༡༠ ཉིན་ནས་རྒྱལ་སྤྱིའི་དབྱར་དུས་སློབ་གྲྭ་ཚུགས་པ་དང་། ཨ་རི་དང་ཁེ་ན་ཌ། ཨོ་རི་ཀྲོ་ལི་ཡ་སོགས་ཕྱི་རྒྱལ་ཁབ་ཁག་༦ ནས་ཕེབས་པའི་བོད་ཕྲུག་༥༠ ལྷག་ཙམ་ལ་ཉིན་༢༠ རིང་བོད་ཀྱི་སྐད་ཡིག་དང་ནང་ཆོས་རིག་གཞུང་སློབ་ཁྲིད་སོགས་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་བ་རེད།
ཨ་རིའི་མེ་ནི་སུ་ཌ་སློབ་ཆེན་གྱིས་མཐོ་སློབ་དེའི་འཕྲོད་བསྟེན་ཚན་རིག་སྡེ་ཚན་ནང་བོད་པས་འགན་ཁུར་བའི་བོད་ཀྱི་གསོ་རིག་སྣེ་ཁྲིད་ཚན་པ་ཞེས་པ་ཞིག༢༠༡༡ལོར་གསར་འཛུགས་བྱས། ཀུན་གླེང་དུ་རྒྱལ་མཚན་ཆོས་གྲགས་ཀྱིས་བོད་ཀྱི་གསོ་རིག་སྣེ་ཁྲིད་ཚན་པའི་འགན་འཛིན་འབུམ་རམས་པ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་དང་ལྷན་དུ་བགྲོ་གླེང་ཞུས་ཡོད།
ཨ་རིའི་UNIVERSITY OF ARKANSAS སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་མི་ཉག་ཁང་ཚན་ནས་ཡིན་པ་དགེ་བཤེས་ཐུབ་་བསྟན་རྡོ་རྗེ་ལགས་ཀྱིས་འདས་པའི་ལོ་ངོ་༢༠རིང་གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མཐོ་སློབ་ཁག་གི་སློབ་ཕྲུག་མང་པོ་དང་བཙོན་ཁང་ཁག་ནང་བཙོན་པ་ཚོར་ལམ་སྟོན་སློབ་གསོ་གནང་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད།
བོད་མིའི་སྒྲིག་འཛུཊ་ཆོས་རིག་ལས་ཁུངས་དང་བྱེས་ཀྱི་གདན་ས་དགའ་ལྡན་གཉིས་ཐུན་མོང་གིས་གོ་སྒྲིག་གནང་བའི་རིས་མེད་གཞུང་ཆེན་བགྲོ་གླེང་ཐེངས་༦པ་དེ་ཕྱི་ཟླ་༦ པའི་ཚེས་༢༡ནས་༢༤བར་ཉིན་གྲངས་བཞིའི་རིང་དགའ་ལྡན་བྱང་ཤར་གྲྭ་ཚང་གཉིས་སུ་ཉིན་གཉིས་རེར་ཆ་བགོས་ཀྱིས་འཚོག་གི་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲཊ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར་ཀོ་ལི་གྷལ་བཅས་ས་གནས་གསུམ་གྱི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་པའི་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཐུན་མོང་ནས་གོ་སྒྲིག་དང་སྣེ་ཁྲིད་འོག ལག་ཏུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་དང་ཁོང་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་།
དགེ་བཤེས་ལྷ་རམས་པ་བསྟན་འཛིན་བསྟན་དར་ལགས་ནི་ཐེ་ཝན་དུ་འཁྲུངས་པ་དང་དགུང་ལོ་༡༢་ཐོག་རབ་ཏུ་བྱུང་སྟེ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེའི་གྲྭ་ཚང་གི་རྡོ་ར་ཁང་ཚན་དུ་སྒྲིག་ཞུགས་གནང་། མི་ལོ་༢༠ལྷག་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་ནས་ད་ལོའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཐོག་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག
རྒྱ་གར་ལྷོ་ཕྱོགས་ཁུལ་ཡོངས་ཀྱི་བོད་ཀྱི་རྐང་སྤོལ་རུ་ཁག་དབར་གྱི་འགྲན་བསྡུར་སྐབས་གཉིས་པ་དེ་ཕྱི་ཟླ་༣ ཚེས་ ༢༠ ནས་ཉིན་གྲངས་༡༠ རིང་རུ་ཁག་བདུན་དབར་མོན་གྷོ་འདོད་རྒུ་གླིང་གི་རྩེད་ཐང་དུ་འཚོགས། མཐའ་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་ཀོ་ལི་གྷལ་རུ་ཁག་དབར་འགྲན་བསྡུར་གནང་སྟེ་ཀོ་ལི་གྷལ་དོན་ལྡན་གླིང་་རུ་ཁག་ལ་རྒྱལ་ཁ་ཐོབ།
ཨ་རིའི་མི་ནཱི་སུ་ཊའི་གཙུག་ལག་སློབ་གཉེར་ཁང་དང་། ཝ་ཤིན་ཊོན་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གདན་སའི་དགེ་འདུན་པའི་དྲན་པ་ལ་དཔྱད་པ་བྱས་འབྲས་སུ་ནང་པའི་དགེ་འདུན་པ་ཁྲག་ཤེད་དང་། ཅི་ནིའི་ན་ཚ་ན་མཁན་ཚོར་ཡང་དྲན་ཤེས་དེ་ཙམ་གྱིས་ཉམས་ཀྱི་མེད་པ་གསལ་སྟོན་བྱུང་ཡོད་པའི་སྐོར་རྒྱན་མཚན་ཆོས་གྲཊ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༦ དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༡༩ ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པའི་ཚོགས་ཁང་མདུན་གྱི་དོ་རའི་ནང་ཚོགས་ཡོད་པ་རེད།
འཁྲུང་འཁྲུང་དཀར་མོ་གློག་བརྙན་བཟོ་སྐྲུན་ཁང་གི་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་རི་དུ་ས་རིན་RITU གཉིས་ནས་བཟོ་སྐྲུན་གནང་བའི་གློག་བརྙན་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་གཟིགས་འབུལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར་ཀོ་ལི་གྷལ་བཅས་གཞིས་ས་གནས་གསུམ་གྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཐུན་མོང་ནས་གོ་སྒྲིག་དང་སྣེ་ཁྲིད་འོག་དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༡༢ ཉིན་ལྷོ་ཕྱོགས་ཀར་ན་ཀྲ་ཀ་་མངའ་སྡེ་མེ་སོར་རྫོང་གི་མདུན་ཐང་དུ་བུད་མེད་རང་དབང་སྒེར་ལངས་ཐེངས་༦༤ པ་རྗེས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོཊ་སུ་བོད་པ་ཚོ་ལྷན་འཛོམས་ཀྱིས་༡༩༥༩ལོར་རྒྱ་དམར་གཞུང་གིས་བོད་པར་དྲག་གནོན་བྱས་པའི་སྡུག་རྩུབ་སྲིད་ཇུས་ལ་བོད་པ་ཚོས་བཟོད་སྲན་མ་ཐུབ་པར་ལུས་སྲོག་བློས་བཏང་ནས་རང་བཙན་སྒེར་ལངས་བྱས་པའི་རྗེས་དྲན་དུ་གསུམ་བཅུའི་དུས་དྲན་ཐེངས་༦༤ པ་སྲུང་བརྩི་ཞུས་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲཊ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ལོ་ལྟར་བོད་ཟླ་བཅུ་གཉིས་ཀྱི་ཚེས་༢༩ཉིན་རྫོང་ཆོས་གྲྭ་ཚང་དུ་བོད་བསྟན་སྲིད་ཆེད་གར་འཆམས་གཟིགས་འབུལ་ཞུ་བ་དང་ཆབས་ཅིག་དགུ་གཏོར་གཏོར་རྒྱག་གནང་གི་ཡོད་ཅིང་གཡག་བཟང་གར་འཆམས་དང་གཏོར་རྒྱག་དེ་ནི་སྟོད་རྫོང་དགའ་ཕྱོགས་སུ་གྲགས་ཆེ་ཤོས་ཤིག་ཡིན་པ་རེད།
ལོ་ལྟར་བོད་ཟླ་བཅུ་གཉིས་པའི ཚེས་༢༧ ཉིན་བོད་དབུས་ཁུལ་དུ་ཡོངས་གྲགས་དར་ཁྱབ་ཆེ་བའི་སེ་ར་ཕུར་མཇལ་ཆེན་མོ་ཞེས་པའི་སེར་བྱེས་གྲྭ་ཚང་གི་ནང་རྟེན་ཕུར་པའི་མཇལ་ཁ་གནང་བ།
རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་བཀག་སྡོམ་གྱི་སྲིད་ཇུས་ཀྱིས་བོད་མིའི་འཚོ་བར་དཀའ་ངལ་ཚད་མེད་བཟོ་བཞིན་ཡོད་པར། སྤྱི་ཚོགས་དྲ་ལམ་ནས་དེར་སྐྱོན་བརྗོད་བྱས་པའི་རྐྱེན་ལས། འདམ་གཞུང་རྫོང་གསར་ལམ་སྡེ་བའི་ཉི་འོད་ཟ་ཁང་གི་སྦྱིན་བདག་དབྱངས་སྒྲོན་ལགས་ཞུ་བ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྐོར།
འཕགས་ཡུལ་ལྷོ་ཕྱོགས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་སེར་བྱེས་འབྲིང་རིམ་སློབ་གྲྭ་དེ་ཕྱི་ལོ་༡༩༩༧ ལོར་རྒྱ་གར་དབུས་གཞུང་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ངོས་འཛིན་ཐོབ་སྟེ་ལོ་ངོ་༢༥ འཁོར་བའི་དུས་དྲན་ལ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ཕེབས་ཡོད་པ་རེད།
རྒྱ་གར་གྱི་མཐོ་སློབ་གྲགས་ཅན་མེ་སོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བ་ཚོར་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པ། སེམས་ཁམས་རིག་པ་བཅས་བསླབ་གཞི་གསུམ་གྱི་ཐོག་རྒྱལ་སྤྱིར་ངོས་འཛིན་ཡོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡོན་གནས་ཀྱི་ཕྱག་འཁྱེར་འབུལ་རྒྱུའི་གན་རྒྱར་མཚན་རྟགས་བཀོད།
ཟླ་༨ ཚེས་༣ ཉིན་ཆར་པ་ཆེན་པོ་བབས་ནས་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་སྦེལ་ཀོབ་གཞིས་ཆགས་ནང་ལོ་ངོ་༢༠ ནང་བྱུང་མ་མྱོང་བའི་ཆར་པ་ཆེན་པོ་བབས་པ་དང་ཆར་སྤྲིན་བརྡོལ་ཏེ་དགོན་པའི་ནང་ཆུ་གློག་གི་གནོད་སྐྱོན་ཕོག་པ་དང། ༢ ་གོང་ས་མཆོག་སྐུ་ཚེ་ཚེ་སྒྲུབ་ཆེད་ཀྱི་མཚེའུ་ལ་གཏོར་གཤིག་ཕོག འོན་ཀྱང་མི་ཕྱུགས་སོགས་ལ་གནོད་འཚེ་ཕོག་མེད།
བོད་ཀྱི་ས་ཁུལ་ནག་ཆུ་ནས་ལོ་ན་༢༠ཡིན་པའི་བུད་མེད་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་པའི་ཉེས་མིང་འོག་རེས་གཟའ་ཟླ་བའི་ཐོ་རེངས་ཙམ་ལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལྷ་སར་བཙན་ཁྲིད་བྱས་འདུག་པ་བཅས་ཀྱི་གནས་ཚུལ་རྒྱལ་མཚན་ཆོས་གྲགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཕྱི་ལོ་ ༢༠༢༢ ཟླ་༦ ཚེས་ ༤ ཉིན་གྱི་སྔ་དྲོར་དགུང་གྲངས་༦༦ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། ཉིན་དེའི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་ཐུགས་ཕམ་དང་སྦྲགས་དམ་པ་ཁོང་གི་ཆེད་མྱ་ངན་དང་མཆོད་འབུལ་སྨོན་ལམ་ཞིག་ཚོགས།
མང་སྣོན།