ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ནས་ཡིན་པའི་གཞོན་སྐྱེས་ཤིག་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད།


In this photo taken on December 9, 2015, a man prays below a portrait of the Dalai Lama at Kirti Monastery in Aba
In this photo taken on December 9, 2015, a man prays below a portrait of the Dalai Lama at Kirti Monastery in Aba

ཕ་ཡུལ་རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་མཚོ་ནས་ཡིན་པ་ཚུལ་ཁྲིམས་ཟེར་བའི་གཞོན་སྐྱེས་ཞིག་ལ་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཁྱུང་ཆུ་རྫོང་ཉེན་རྟོག་པས་ཁོང་ཐེངས་གཉིས་ཙམ་འབོད་འགུག་དང་བཀག་ཉར་དྲི་བརྩད་བྱས་རྗེས་འདོ་ལོ་༢༠༢༣ ཟླ་བ་བཞི་པའི་ནང་་རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོོ་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅེས་རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་།

རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ།
རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་ནང་ཕྱི་ལོ་༢༠༢༢ ཟླ་བ་བདུན་པའི་ནང་ཕ་ཡུལ་བོད་རྔ་བ་ཁྱུང་ཆུ་རྫོང་ཚ་རུུ་མ་ཡུལ་ཚོ་ནས་ཡིན་པ་བོད་རིགས་གཞོན་སྐྱེས་ཚུལ་ཁྲིམས་ལགས་ཁྱུང་ཆུ་རྫོང་གི་རྒྱ་གཞུང་ཉེན་རྟོག་པས་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཏེ་ཁོང་ལ་དྲི་ཞིབ་རྒྱུང་རིང་བྱས་པ་དང་ལྷག་པར་དུ་ཁོང་གི་ཁ་པར་ལ་བསྔོག་བཤེར་བྱས་འདུག སྐབས་དེར་ཁོང་གི་ཁ་པར་ནང་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་པར་ཉར་ཚགས་བྱས་ཡོད་པ་ཉེན་རྟོག་པས་ཤེས་ཏེ་དེ་ནི་ཁྲིམས་འགལ་ཡིན་པ་དང་ཁ་བྲལ་རིང་ལུགས་པར་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་ཟླ་བ་གཉིས་ལྷག་བཀག་ཉར་བྱས་འདུག དེ་ནས་ཁོང་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་རྒྱབ་ཕྱོགས་ལ་སོ་ཉུལ་དང་ལྟ་རྟོག་བྱེད་མཁན་ཡོད་པ་རེད། དེ་རྗེས་འདི་ལོ་ཕྱི་ལོ་༢༠༢༣ ལོའི་བོད་ཀྱི་ལོ་གསར་ཚེས་ ༤ དང་ཕྱི་ཟླ་གཉིས་པའི་ཚེས་༢༣ ཉིན་ཁོང་སླར་ཡང་འཛིན་བཟུང་བྱས་ཏེ་ཡང་བསྐྱར་ཟླ་བ་གཉིས་ཙམ་དྲི་བརྩད་བཀག་ཉར་བྱས་རྗེས་༢༠༢༣ཕྱི་ཟླ་བཞི་པའི་ནང་རྔ་བ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁོང་གི་ནང་མིར་བརྡ་ལན་གང་ཡང་མ་སྤྲད་པ་དང་ཁྲིམས་ཁང་དུ་ཡང་ཁོང་ལ་ཁྲིམས་རྩོད་པ་དང་ནང་མི་ཉེ་འབྲེལ་སུ་ཡང་མེད་པའི་ཐོག་གསང་བའི་ཐོག་ནས་ཁོང་ལ་༸གོང་ས་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པ་སོགས་ཀྱི་ཉེས་འཛུགས་འོག་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ད་ལྟ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གཡག་རྔ་་བཙོན་ཁང་དུ་བཙོན་འཇུག་བྱས་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་བྱས་ན་ཚུལ་ཁྲིམས་ལགས་ནི་རྒྱ་ནག་ནུབ་བྱང་མི་རིགས་སློབ་ཆེན་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་པ་དང་ཁོང་གིས་རྒྱ་ཡིག་དང་དབྱིན་ཡིག་བོད་ཡིག་བཅས་སྐད་ཡིག་གསུམ་ཡག་པོ་ཤེས་ཀྱི་ཡོད་པ་མ་ཟད་ཁོང་རང་སློབ་ཆེན་གྱི་ཆེད་སྦྱོང་ནི་བོད་ཀྱི་རྩོམ་རིག་ཐོག་ཡིན་ཙང་རྒྱུན་དུ་སྐད་འཕྲིན་ནང་བོད་ཀྱི་རྩོམ་རིག་སྐོར་རྩོམ་ཡིག་དང་གཏམ་བཤད་མང་པོ་སྤེལ་གྱི་ཡོད་པ་རེད། ལྷག་དོན་དུ་སྐད་འཕྲིན་རྒྱབ་ངོས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་དང་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱེད་ཀྱི་ཡོད་པ་རེད་ཅེས་དང་ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་རྗེས་ཁོང་གི་སྤུན་མཆེད་དང་གྲོགས་པོ་ཉེ་འབྲེལ་ཁག་ཅིག་བཙོན་ཁང་དུ་ཁོང་ལ་ཐུག་ཕྲད་བྱེད་དུ་བསྐྱོད་ཡོད་ཀྱང་ཉེན་རྟོག་པས་ཐུག་ཕྲད་བྱེད་བཅུག་མི་འདུག་ཁོང་ནི་ད་ལྟ་རང་་ལོ་༢༧ ཙམ་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང་།

XS
SM
MD
LG