བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ ཉིན་རྒྱ་གར་ལྷོ་ཕྱོགས་སུ་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་ཧུན་སུར་ཀོ་ལི་གྷལ་བཅས་གཞིས་ཆགས་བཞི་ཡི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཐུན་མོང་ནས་འགོ་ཁྲིད་པའི་འོག་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་ཡོད་པ་རེད།
ཕྱི་ཚེས་༣ ཉིན་སྨར་ཁམས་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་རྗེ་ཚེ་འཛིན་མའི་ཆོ་ག་དང་འབྲེལ་ནས་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཕྱི་ནང་སྐུ་མགྲོན་མང་དག་ཞིག་ཕེབས།
ཨ་རིའི་སྲིད་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་གནང་བཞིན་པའི་རོགས་དངུལ་ཕྱི་ཟླ་གཉིས་པའི་ཚེས་༢༧ ཉིན་མཚམས་འཇོག་བྱས་པའི་ཁོངས་སུ་བཙན་བྱོལ་བོད་མིའི་ཤེས་ཡོན་འཕྲོད་བསྟེན་སྤྱི་ཚོགས་བདེ་དོན་བཅས་ཀྱི་ཆེད་གནང་བཞིན་པའི་ཨ་སྒོ་ས་ཡ་བཅུ་བཞི་དེ་ཡང་ཚུད་ཡོད་པའི་གནས་ཚུལ་སྐོར་འདིར་གསལ།
དེ་རིང་བོད་ཟླ་བཅུ་གཉིས་པའི་ཚེས་༢༩ ཉིན་བོད་བསྟན་སྲིད་དང་རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་སྐུ་ཚེ་བརྟན་ཆེད་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོར་སྔར་སྲོལ་དགུ་གཏོར་གར་འཆམ་དང་གཏོར་རྒྱག་གི་བྱེད་སྒོ་གཟབ་རྒྱས་སྤེལ་གནང་སོང།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦེལ་ཀོབ་གཞིས་ཆགས་ནང་གཞུང་འབྲེལ་མཚམས་གཟིགས་གཉིས་པ་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་༢ ཚེས་༢༤ ཉིན་སྦེལ་ཀོབ་ལུགས་བསམ་མི་མང་ཚོགས་ཁང་ནང་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཟླ་༢ པའི་ཚེས་༢༠ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་༢༣ བར་ཉི་གྲངས་༣ རིང་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆཊ་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོཊ་ཀྱི་ཚོཊ་ཆེན་སྦེལ་ཀོབ་བོད་མིའི་གཞིས་ཆཊ་ཁུལ་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་གི་ཚོགས་ཁང་དུ་འཚོག་བཞིན་པའི་སྐོར་འདིར་གསལ།
༸གོང་ས་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོར་ཉིན་གྲངས་༤༡ བཞུགས་གཞག་གནང་ཡོད་པ་དང་དེའི་རིང་ས་གནས་རྒྱ་གར་ཡུལ་མི་འཁོར་གསུམ་སྦག་སྦག་རྒྱུག་མཁན་དང་ཚོང་ལས་ཆུང་ཙག་བྱེད་མཁན་རྣམས་ལ་ཡང་ཉིན་རེའི་ཚོང་གི་ཁེ་ཕན་ཡག་པོ་བྱུང་འདུག
༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཉིན་གྲངས་༤༥ རིང་མཛད་འཕྲིན་ཁག་ལེགས་པར་མཇུག་སྒྲིལ་ཏེ་ཕྱི་ཚེས་༡༨ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་རྒྱ་གར་ཀར་ན་ཀྲ་ཀ་མངའ་སྡེ་མེ་སོར་གྲོང་ཁྱེར་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལི་ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་། ཆིབས་ཞལ་མ་སྒྱུར་གོང་ཚང་མས་ཧུར་ཐག་གནང་དགོས་པ་སོགས་ཀྱི་བཀའ་སློབ་སྩལ།
ཕྱི་ཟླ་གཉིས་པའི་ཚེས་༡༧ ཉིན་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་སྨད་རྒྱུད་པའི་བཤད་སྒྲུབ་འཆད་ཉན་གྱི་བསྟན་པའི་བདག་པོར་མངའ་གསོལ་བའི་གཟེངས་རྟགས་དང་བརྟན་བཞུགས་ཕུལ་གནང་སོང་།
ཕྱི་ཟླ་༢ ཚེས་༡༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྦེེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་གྱི་གདན་ས་བཀྲིས་ལྷུན་པོ་ནས་ཆིབས་ཞལ་སྒྱུར་ཏེ། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ཞབས་སོར་བདེ་བར་འཁོད་ཡོད་པའི་སྐོར་འདིར་གསལ།
ཕྱི་ཟླ་གཉིས་པའི་ཚེས་༡༤ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་བློན་ཆེན་གཞོན་པ་བཀུར་འོས་སྐུ་ཞབས་བན་ཌི་སན་ཇེ་ཀུ་མར་དང་ཁོང་གི་དྲུང་ཆེ་སོགས་དཔོན་རིགས་ཁག་ཅིག་དང་དེ་བཞིན་་ཀར་ན་ཊ་ཀའི་མངའ་སྡེ་གཞུང་གི་ནང་སྲིད་བློན་ཆེན་སྐུ་ཞབས་པ་ཇི་པ་ར་མེ་ཤ་ཝ་ར་དང་ཁོང་གི་སྐུ་ཟླ་རྣམ་གཉིས་བཅས་ཀྱིས་༸ གོང་ས་མཆོག་ལ་མཇལ་བཅར་ཞུས།
ཕྱི་ཟླ་གཉིས་པའི་ཚེས་༡༣ ཉིན་༸གོང་ས་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོའི་ཆོས་རའི་ནང་སེར་སྐྱ་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་བསྩལ། སྒྲོལ་དཀར་ཚེ་དབང་དེའི་ཐོག་དགའ་ལྡན་ཁྲི་ཟུར་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གདན་ས་ཁག་གི་མཁན་རིན་པོ་ཆེ་ཆེ་རྣམ་པ་དང་དགེ་འདུན་པ་སོགས་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོ་ཕེབས་ཡོད
ཕྱི་ཟླ་༢ ཚེས་༡༢ ཞོགས་པར་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་འདུས་མང་ཡོངས་ནས་གདན་ས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ་༸ གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་འདི་ལོ་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་གྱི་ཆེད་གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས།
༄༅། །སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པར་གདན་ས་བཀྲིས་ལྷུན་པོ་འདུས་མང་ནས་མྱ་ངན་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཚོགས་ཡོད་པའི་སྐོར་འདི་གའི་ས་གནས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་འདིར་གསལ།
དེ་རིང་ཕྱི་ཟླ་གཉིས་པའི ཚེས་༥ ཞོགས་པར་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ཚོགས་ཆེན་དང་གྲྭ་ཚང་བྱེས་སྨད་གཉིས་བཅས་ཐུན་མོང་ཐོག་སེ་ར་ཚོགས་ཆེན་གྱི་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བླ་མ་མཆོད་པའི་ཆོ་ག་དང་སྦྲེལ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཀུན་གླེང་ལས་རིམ་དུ་སེར་བྱེས་དགེ་བཤེས་ལྷ་རམས་པ་བསོད་ནམས་དཔལ་ལྡན་ལགས་དང་ལྷན་དུ་རྒྱལ་སྤྱའི་པ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་དེའི་དམིག་ཡུལ་དང་བྱུར་རིམ། དེ་བཞིན་ཉེ་ལམ་ཚོགས་པའི་བགྲོ་གླེང་ཚོགས་འདུ་བཅས་ཀྱི་ཐད་ལ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་ཡོད།
ཕྱི་ཟླ་དང་པོའི་ཚེས་༢༠ ཉིན་གོང་ས་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོར་ཕྱི་ནང་དད་ལྡན་པར་མཇལ་ཁ་བསྩལ་གནང་བའི་ཁྲོད་གདན་ས་དགའ་ལྡན་དུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་ཤེས་ཡོན་བརྗེ་ལེན་གྱི་བགྲོ་གླེང་ཐེངས་གསུམ་པའི་ཐོག་ཕེབས་པའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དགེ་འདུན་པ་དྲུག་བཅུ་ཟིན་ཙམ་ཀྱང་ཡོད།
ཕྱི་ཟླ་དང་པོའི ཚེས་༡༧ ཉིན་༸གོང་ས་མཆོག་གིས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་བགྲེས་སོང་དགུང་ལོ་བརྒྱ་དང་བཞི་བྱས་པ་གཅིག་བཅས་ཚུད་པའི་ཁྱོན་དགུང་ལོ་༨༠ ཡན་གྱི་བགྲེས་སོང་༢༧༦ དང་དམིགས་བསལ་དགོང་ངེས་ཅན་དང་ཕྱི་ནང་མི་རིགས་དང་བཅས་ཁྱོན་མི་གྲངས་༤༠༠ ཙམ་ལ་མཇལ་ཁ་བསྩལ།
རྒྱུད་སྟོད་མཁན་ཟུར་ངག་དབང་འབྱོར་ལྡན་མཆོག་ཕྱི་ཟླ་༡ ཚེས་༡༢ ཉིན་སྤྱན་རྒྱ་སྤོས་སྣེ་དང་བཅས་དགའ་ལྡན་ཚོགས་ཆེན་གྱི་ལས་སྣེ་རྣམ་པ་དང་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་སོགས་ཀྱི་ཕེབས་བསུའི་ཁྲོད་རྗེ་ཙོང་ཁ་པའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་འདུ་ཁང་ནང་གདན་ཞུ་དང་ཤར་པ་ཆོས་རྗེའི་ཁྲིར་མངའ་གསོལ་ཞུས།
ཕྱི་ཟླ་དང་པོའི་ཚེས་༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་མཁའ་ལམ་བརྒྱུད་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་དུ་ཞབས་སོར་འཁོད་པ་དང་། སེར་སྐྱ་མང་ཚོགས་ཀྱི་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་གཟབ་རྒྱས་ཁྲོད་གདན་ས་བཀྲིས་ལྷུན་པོར་པོར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
མང་སྣོན།