རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེས་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྣམས་འདོར་གྱི་མེད། ང་ཚོས་འཁྲུག་རྩོད་འགོག་པར་ཨ་རིའི་དམག་གི་སྟོབས་ཤུགས་གང་དུ་བཀོལ་དགོས་མིན་བསྐྱར་ཞིབ་བྱེད་ཀྱི་ཡོད། ཨ་རིས་རང་གི་མཐུན་གྲོགས་རྣམས་འདོར་བའམ། ཡང་ན་ཨ་རི་ནུབ་ཆིངས་སོགས་ནས་ཕྱིར་འཐེན་བྱེད་ཀྱི་འདུག་བསམས་ན་ནོར་འཁྲུལ་རེད་ཅེས་བཤད་འདུག
ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཕཱི་ཌེ་ཧཱག་སིཌ་ཡོ་རོབ་ནང་དུ་ཕེབས་ཡོད་པ་དང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་མཇལ་འཕྲད་དང་། ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཀྱི་མནའ་མཐུན་རྒྱལ་ཁབ་ཚོའི་ལྷན་ཚོགས་ལ་མཉམ་བཞུགས་སོགས་མཛད་འཆར་ཡོད་པའི་སྐོར་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
ཨ་རིའི་སྲིད་འཛིན་ཊམ་གྱིས་ཧ་ཡང་དང་ངར་ལྕགས་ལ་སྒོ་ཁྲལ་བརྒྱ་ཆ་༢༥ སྐྱེལ་རྒྱུ་གསལ་བསྒྲགས་གནང་ཡོད་པ་བརྟེན་ཨ་རིའི་ནང་དངོས་པོ་དེ་གཉིས་ཕྱིར་ཚོང་བྱེད་མཁན་གཙོ་བོ་ཁེ་ན་ཌ་དང་མེ་ཀ་སི་ཁོ་ལ་ཡང་དེས་གནོད་སྐྱེལ་སྲིད་པ་རེད། ཊམ་གྱིས་ཚོང་ཟོག་ལ་སྒོ་ཁྲལ་སྐྱེལ་བ་དེར་འགྲན་རྩོད་པ་གཙོ་བོ་རྒྱ་ནག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད།
ཨ་རིའི་སྲིད་འཛིན་ཊམ་གྱིས་གལ་སྲིད་ཧ་མ་སི་ཡིས་བཙན་ཁྲིད་བྱས་པའི་ཨིཛ་རལ་གྱི་མི་སེར་ཚང་མ་རེས་གཟའ་སྤེན་པའི་ཉིན་གུང་སྔོན་དུ་གློད་གྲོལ་མ་བཏང་པ་ཡིན་ན། ཁོང་གིས་ཨི་ཛི་རལ་དང་ཧ་མ་སི་ཡི་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་དེ་ཕྱིར་འཐེན་བྱེད་རྒྱུར་གྲོས་གཞི་འདོན་རྒྱུ་ཡིན་ཞེས་གསུངས་ཡོད།
རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཚོས་སྤེལ་བའི་གནས་ཚུལ་ལྟར་བྱས་ན། ཨིཛ་རཱ་ཡེལ་དང་ཧ་མཱ་སེ་གཉིས་ཀྱིས་མེ་འཕེན་མཚམས་འཇོག་གི་མཐུན་གྲོས་འཕར་འགྱང་བྱ་རྒྱུར་གནོན་ཤུགས་ཡོང་གི་ཡོད་པའི་སྐབས་འདིར་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལྚ་ཊྲམ་གྱིས་གྷཱ་ཛ་ས་དཀྱུས་དེ་བཞིན་ཨ་མི་རི་ཀས་དབང་འཛིན་བྱ་རྒྱུའི་དམ་བཅའ་བསྐྱར་ཟློས་གནང་འདུག
བདུན་ཕྲག་འདིའི་ནང་གཅིག་རྗེས་གཉིས་མཐུད་དུ་གྲོས་ཚོགས་སྐབས་སྔོན་མའི་ནང་མཇུག་སྒྲིལ་མ་ཐུབ་པའི་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁག་ཅིག་བསྐྱར་དུ་བཏོན་གནང་ཡོད་པའི་སྐོར་འདིར་གསལ།
ད་ལྟའི་ཆར་ཨ་རིའི་མི་སེར་མ་ཡིན་པ་ཚོས་ཨ་རིའི་ས་ཐོག་ཏུ་སྐྱེས་པའི་ཕྲུ་གུ་རྣམས་རང་བཞིན་གྱིས་ཨ་མེ་རི་ཀའི་མི་སེར་ཆགས་པའི་ལྷན་སྐྱེས་མི་སེར་གྱི་ཐོབ་ཐང་སྤྲོད་དགོས་མིན་ཐད་བགྲོ་གླེང་ཆེན་པོ་ཞིག་འགྲོ་བཞིན་པ་ལྟར། ལྷན་སྐྱེས་མི་སེར་གྱི་ཐོབ་ཐང་ཞེས་པའི་གོ་དོན་ཅི་ཡིན་གྱི་ངོ་སྤྲོད་ཅིག་འདིར་གསལ།
སྲིད་འཛིན་ཌོ་ནལ་ཌམ་གཞུང་འཛིན་ལྷན་ཁང་ནས་ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་བསྐྲུན་རོགས་རམ་ཚོགས་པ་དབྱིན་སྐད་དུ་USAID ལས་ཁུངས་ཀྱི་ཕྱིའི་རྒྱལ་ཁབ་ལ་རོགས་དངུལ་ཁག་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ་རྒྱལ་ནང་དུ་རྩོད་གཞི་ཆེན་པོ་ཞིག་ཡོང་བཞིན་པ་དང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལའང་བློ་འཚབ་ཡོང་གི་ཡོད་པ་རེད།
ཨ་རིའི་སྦྲག་ཟམ་སྲི་ཞུ་ལས་ཁང་གིས་རེས་གཟའ་མིག་དམར་ཉིན་རྒྱ་ནག་དང་ཧོང་ཀོང་ནས་ཡོང་བའི་སྦྲག་ཟམ་དེ་དག་ངོས་ལེན་བར་མཚམས་འཇོག་རྒྱུའི་གསལ་བསྒྲགས་གནང་བ་དང་། རེས་གཟའ་ལྷག་པའི་ཉིན་ཐག་གཅོད་དེར་འགྱུར་བ་བཏང་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་ Steve Herman གྱིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་ལགས་ཀྱིས་ཕབ་སྒྱུར་བྱས།།
དབུས་ཁྲིམས་ཁང་གིས་ཊམ་འཛིན་སྐྱོང་གིས་ཨ་རིའི་གཞུང་ཞབས་ལས་བྱེད་རྒས་ཡོལ་སྔ་སྣུར་གྱི་འཆར་གཞི་བཏོན་པ་དེའི་དུས་ཚོད་ཕར་འགྱངས་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཌོ་ནལ་ཊམ་དང་ཨན་ཌེར་ཇཱ་ཁི་སོན་རྣམ་གཉིས་ཀྱི་སྲིད་སྐྱོང་སྟངས་ལ་འདྲ་བའི་ཆ་ཆེན་པོ་ཡོད་པ་དང་། ཁྱད་པར་དུ་དཀྱུས་དམངས་རིང་ལུགས་དང་སྲིད་དོན་པ་ཁྱུ་མཆོག་ཚོར་རྒོལ་བའི་ངང་ཚུལ་ཐད་མཚུངས་ཆོས་ཤིན་ཏུ་མང་པོ་ཡོད་པ་སོགས་སྲིད་འཛིན་རྣམ་གཉིས་ཀྱི་འབྲེལ་ལམ་དང་མཚུངས་ཆོས་ཁག་ཅིག་གི་ངོ་སྤྲོད་གཤམ་གསལ།
མང་སྣོན།