ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གནམ་ཐང་ཉེ་ཤོས་དེར་གཟའ་ལྷག་པའི་མཚན་མོར་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་་ལ་འབབ་ཁར་དེ་ཁུལ་དུ་སྦྱོར་བརྡར་གྱི་འཕུར་བསྐྱོད་བྱེད་བཞིན་པའི་ཨ་རིའི་དམག་མིའི་ཐད་འཕུར་གནམ་གྲུ་ཞིག་དང་རྡུང་ཁ་ཤོར་པ་དེའི་རྒྱུ་རྐྱེན་ད་ལྟ་ཁ་གསལ་མེད་པ་དང་། གནམ་གྲུ་གཉིས་ཀའི་ནང་གི་མི་༦༧་ཡོངས་སུ་རྐྱེན་འདས་ཕྱིན་འདུག
ཊམ་གྱིས་ཨ་རིའི་ས་ཐོག་ཏུ་ཕྲུ་གུ་སྐྱེས་མ་ཐག་ཨ་རིའི་མི་སེར་ཆགས་པའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུར་སྐུལ་འདེད་བཏང་བར་བརྟེན། རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་དང་འབྲེལ་བའི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་ཞིག་ཡོང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་སྲིད་འཛིན་ཊམ་གྱི་ཨ་རི་གཞུང་འཕྲོད་བསྟེན་ལྷན་ཁང་གི་འགོ་འཛིན་གྱི་འོས་མི་ཀེ་ཎི་ཌི་ལ་ནད་རིམས་སྔོན་འགོག་སྨན་ཁབ་དང་། ཏོག་དབྱིབས་ནད་རིམས། དེ་བཞིན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ལས་རིམ་སོགས་ཀྱི་ཐོག་ཁོང་རང་གི་དགོངས་གཞི་ཇི་ཡིན་གྱི་སྐོར་ལ་འདྲི་ཞིབ་གནང་།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་རང་བཞིན་གྱིས་ཨ་མེ་རི་ཀའི་མི་སེར་ཆགས་པའི་ལྷན་སྐྱེས་སྤྱི་འབངས་ཀྱི་ཐོབ་ཐང་དེ་མཚམས་འཇོག་བྱས་རྐྱེན། རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་དང་འབྲེལ་བའི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་ཞིག་ཡོང་བཞིན་པའི་སྐོར་འདིར་གསལ།
ཊམ་འཛིན་སྐྱོང་གིས་ཟླ་བ་གསུམ་གྱི་རིང་ལ་ཕྱི་རྒྱལ་གྱི་རོགས་དངུལ་འཕྲལ་སེལ་རིང་བཀག་དགོས་རྒྱུ་དབུས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་བཀའ་བཏང་ནས་བསྐྱར་ཞིབ་གནང་རྒྱུ་ཡིན་ཅེས་གསུང་ཡོད་ཀྱང་། ཉིན་གཅིག་གི་རྗེས་སུ་བཀོད་ཁྱབ་དེ་ཕྱིར་འཐེན་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་དང་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གཉིས་ལ་ཨ་རིར་ཁྲིམས་མཐུན་དུ་འདུག་ཆོག་པའི་ཡིག་ཆ་མེད་པའི་ཕྱི་མི་གནས་སྤོ་བ་༣༠༠༠༠་གྷོན་ཊ་ན་མོ་མཚོ་ཁུག་བཀག་ཉར་བྱ་ཡུལ་གྲ་སྒྲིག་བྱོས་ཞེས་བཀོད་ཁྱབ་བཏང་འདུག
དེ་སྔོན་འཛིན་སྐྱོང་བཀོད་ཁྱབ་ནི་དམག་འཁྲུག་དང་ཛ་དྲག་གི་གནས་སྟངས་སྐབས་སུ་བེད་སྤྱོད་གཏོང་སྲོལ་ཡོད་པ་ཞིག་ཡིན་ཡང་། དེང་སང་སྲིད་འཛིན་གྱི་མཛད་རིམ་གལ་ཆེ་ཆུང་གི་བང་རིམ་སྒྲིག་སྟངས་དང་དབུས་གཞུང་གི་ལས་དོན་སྒྲུབ་ཕྱོགས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་པ་སོགས་འཛིན་སྐྱོང་བཀོད་ཁྱབ་སྐོར་གྱི་ངོ་སྤྲོད་འདིར་གསལ།
ཉེ་ཆར་ཨ་རིའི་སྲིད་འཛིན་ཊམ་གྱི་ཕྱི་མི་གནས་སྤོ་བའི་གནད་དོན་ཐོག་བཀའ་ཁྱབ་འོག་ཁྲིམས་འགལ་གཞིས་ཆགས་པ་རྣམས་ཡོང་ཁུངས་རྒྱལ་ཁབ་ལ་ཕྱིར་འབུད་བྱེད་པའི་སྐབས་ལྷོ་ཨ་མི་རི་ཀའི་ཀོ་ལོམ་བྷི་ཡའི་སྲིད་འཛིན་གྱིས་ཐོག་མར་མོས་མཐུན་མ་བྱས་པའི་རྐྱེན་གྱིས་ཡུལ་གཉིས་དབར་ཚོང་འབྲེལ་གྱི་རྩོད་གཞི་ཞིག་བྱུང་ཡང་རྗེས་སུ་ཐག་གཅོད་བྱུང་ཡོད།
སྲིད་འཛིན་ཊམ་གྱི་ས་མཚམས་འགོ་འཛིན་གྱིས་ཨ་རི་གཞུང་གི་ད་ལྟའི་ལས་དོན་གཙོ་བོ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཉེན་དུ་ངོས་འཛིན་བྱེད་པའི་ཁྲིམས་མཐུན་ཡིག་ཆ་མེད་པའི་ཕྱི་མི་གནས་སྤོ་བ་དེ་དག་ཕྱིར་སློག་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། དེ་བཞིན་སྤྱི་ཡོངས་ནས་ཁྲིམས་འགལ་ཕྱི་མི་གནས་སྤོ་བར་བཟོད་སྒོམ་མི་བྱེད་ཟེར།
ཨ་རིའི་སྲིད་འཛིན་ཊམ་གྱིས་ཕྱི་མི་གནས་སྤོ་བའི་ཐོག་དམ་དྲག་སྲིད་ཇུས་དེ་གསལ་བསྒྲགས་གནང་པའི་འོག་ནིའུ་ཡོག་གྲོང་ཁྱེར་གྱི་ནང་མི་འཛིན་བཟུང་བྱེད་བཞིན་པ་དེར་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་ངོ་རྒོལ་གནང་གི་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།
སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་མཉེན་ཆས་ TikTok འམ་ཊིག་ཊོག་ལ་ཨ་མི་རི་ཀའི་ནང་བེད་སྤྱོད་གཏོང་བའི་ཆོག་མཆན་ཐོབ་ན་མཉེན་ཆས་དེའི་རིན་ཐང་ཨ་རིའི་ཌོ་ལར་ཁྲག་ཁྲིག་ཆགས་རྒྱུ་དང་དེ་མིན་རིན་ཐང་གང་ཡང་མེད་རེད་ཅེས་གསུངས་འདུག
ཨ་རིའི་ནང་ཊིག་ཊོག་བེད་སྤྱོད་གཏོང་མཁན་ཚོའི་མ་འོངས་པ་ཇི་ལྟར་ཆགས་རྒྱུ་ཡིན་མིན་དེ། སྲིད་འཛིན་ཌོ་ནལ་ཊམ་ལ་རག་ལས་ཀྱི་ཡོད་ཅིང་། ཁོང་གིས་མཉེན་ཆས་དེར་དུས་ཡུན་ཉིན་གྲངས་༧༥ ཕར་འགྱངས་ཀྱིས་ཨ་རིའི་ཉོ་སྒྲུབ་བྱེད་མཁན་དང་འགྲིག་འཇགས་ཡོང་ཐབས་གནང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།