ངོ་འཕྲད་བདེ་བའི་དྲ་འབྲེལ།

 
སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་ཊིག་ཊོག་མཉེན་ཆས་ཀྱི་རིན་ཐང་གླེང་བ།
གཟའ་ཟླ་བ། ༢༠༢༥/༠༢/༢༤

སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་ཊིག་ཊོག་མཉེན་ཆས་ཀྱི་རིན་ཐང་གླེང་བ།


སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་ཊིག་ཊོག་མཉེན་ཆས་ཀྱི་རིན་ཐང་གླེང་བ།
སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་ཊིག་ཊོག་མཉེན་ཆས་ཀྱི་རིན་ཐང་གླེང་བ།

ཨ་མི་རི་ཀའི་ནང་བེད་སྤྱོད་གཏོང་བའི་ཆོག་མཆན་ཐོབ་ན་མཉེན་ཆས་དེའི་རིན་ཐང་ཨ་རིའི་ཌོ་ལར་ཁྲག་ཁྲིག་ཆགས་རྒྱུ་དང་དེ་མིན་རིན་ཐང་གང་ཡང་མེད་རེད་ཅེས་གསུངས་འདུག སྲིད་འཛིན་ཊམ་ལ་གསར་འགོད་པས་མཉེན་ཆས་དེ་ཨི་ལོན་མ་སི་ཀི་ལ་ཉོ་འཇུག་འདོད་ཡོད་མེད་དྲིས་བའི་ལན་དུ་ཁོང་གིས་གལ་སྲིད་ཨི་ལོན་གྱིས་ཉོ་འདོད་ཡོད་ན་ངས་རྒྱབ་སྐྱོར་ཡོད་ལ། ཨོ་རེ་ཁལ་ཚོང་ལས་ཁང་གི་བདག་པོས་དེ་ཉོ་ན་ཡག་པོ་འདུག་གསུང་ཡོད་པ་དང་། ང་རང་ལ་གན་རྒྱ་དེ་འགྲིག་མ་འགྲིག་ཐག་གཅོད་པའི་དབང་ཚད་ཡོད། གལ་སྲིད་ཨ་མི་རི་ཀས་མཉེན་ཆས་དེར་ཆོག་མཆན་སྤྲོད་ན་ཚོང་དེའི་རིན་ཐང་ཌོ་ལར་ཁྲག་ཁྲིག་ཆགས་རྒྱུ་དང་། དེ་མིན་རིན་ཐང་གང་ཡང་མེད་རེད་ཅེས་གསུང་འདུག ཡང་གསར་འགོད་པ་གཅིག་གིས་སྲིད་འཛིན་ལ་ཁྱེད་ཀྱི་ལག་ཐོག་ཁ་པར་ནང་ཊིག་ཊོག་བཀོལ་ཆས་ཡོད་མེད་དྲིས་དུས། ཁོང་གིས་དེ་ང་ལ་མེད། འོན་ཀྱང་ངས་ད་ལྟ་རང་ཕབ་ལེན་བྱེད་ཐུབ་ཀྱི་རེད། གང་ལྟར་ཡང་ང་ཚོར་གཞོན་སྐྱེས་ཀྱི་

འོས་ཤོག་ནི་ཊིག་ཊོག་བརྒྱུད་ནས་ཐོབ་པ་རེད། དེར་བརྟེན་ངའི་སེམས་ནང་ཊིག་ཊོག་ལ་མཐོང་ཡག་པོ་ཡོད་ཅེས་གསུང་འདུག

གླེང་སྟེགས།

XS
SM
MD
LG