སྲིད་འཛིན་ཊམ་གྱིས་མཁྲེགས་པོ་གནང་སའི་ཕྱི་མི་གཙོ་ཆེ་བ་ལྷོ་ཕྱོགས་ས་ཐག་རིང་བའི་ལྷོ་ཕྱོཌ་ཨ་མི་རི་ཀའི་ཡུལ་ཁག་ཚོ་ནས་མེག་སི་ཀོའི་བརྒྱུད་ནས་ཡོང་མཁན་ཚོ་ཡིན་རུང་། རྒྱ་ནག་ནས་ཨ་རིར་སྐྱབས་བཅོལ་ལ་ཡོང་མཁན་ཚོ་ཞི་བདེ་རྒྱ་མཚོའི་མཚོ་གླིང་གྷུ་ཨཱམ་བརྒྱུད་ནས་ཀྱང་ཡོང་གི་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཞུང་འཛིན་ལྷན་ཁང་ནས་ཨ་རིའི་གཞུང་གི་ཕྱི་རྒྱལ་ལ་རོགས་དངུལ་ཆ་ཚང་བཀག་འགོག་གནང་བའི་རྗེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་།རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེད་དུ་དམིགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་ཕྲག་མང་པོ་ཞིག་གི་ལས་དོན་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།
ཊམ་གཞུང་གིས་ཨ་རིའི་ས་མཚམས་བརྒྱུད་ནས་འབྱོར་བའི་བཟི་སྨན་ཕེན་ཊ་ནིལ་བཀག་འགོག་བྱེད་རྒྱུར་མེ་ཀི་སི་ཁོའི་རྒྱལ་ཁབ་ཀྱི་རོགས་རམ་ཞུས་ཡོད། སྔ་ལོར་ཨ་རིའི་མངའ་སྡེ་ཨེ་རི་ཛོ་ནའི་ས་མཚམས་འགག་སྒོར་ཁྲིམས་འགལ་གྱི་བཟི་སྨན་དེ་བཀག་འགོག་བྱེད་ཆེད་ཚན་རིག་ལག་རྩལ་མཐོ་བའི་འཕྲུལ་ཆས་བཀོལ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས།
འཕྲུལ་ལས་བཟོ་ཚོང་ལས་ཁང་གྷུ་གྷལ་གྱིས་རྒྱུན་རིང་ནས་བཅོས་མའི་རིག་ནུས་ཀྱིས་གོ་མཚོན་འཛུགས་སྐྲུན་བྱ་རྒྱུ་མིན་པའི་སྲིད་ཇུས་དེར་ཉེ་ཆར་འགྱུར་བ་ཕྱིན་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་ མེཌ་ཌི་བྷལ་གྱིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཊམ་འཛིན་སྐྱོང་ཁང་གིས་ཨ་རིའི་ཕྱི་རྒྱལ་རོགས་དངུལ་དེ་དག་བར་མཚམས་འཇོག་རྒྱུ་དེ་ཡིས་ཨ་མི་རི་ཀའི་བདེ་འཇགས་དང་རྒྱལ་སྤྱིའི་ནང་ཆེ་མཐོང་ལ་གནོད་སྐྱོན་བྱེད་ཀྱི་རེད་ཅེས་གསུངས་ཡོད་ཀྱང་། གཞན་དག་གིས་ནི་ལྷན་ཁང་དེའི་ནང་གཡོ་ཟོལ་དང་ཆུད་ཟོས་ཀྱི་གནས་ཚུལ་ཚབས་ཆེན་འདུག་ཅེས་གསུངས།
སྤྱི་ཟླ་༢ པའི་ཚེས་༡༢ ཉིན་ཁྲིམས་དཔོན་ཞིག་གིས་སྲིད་འཛིན་ཊམ་གྱིས་གཞུང་གི་ལས་བྱེད་ཉུང་འཕྲི་གཏོང་ཆེད་ལས་ཡོལ་རྟེན་དོད་ཀྱི་འཆར་གཞི་བཏོན་པ་དེར་རྒྱབ་སྐྱོར་བྱས། ཚེས་༡༢ ཉིན་ནི་འཆར་གཞི་དེའི་དུས་བཀག་མཐའ་མ་དེ་ཡིན་ཞིང་། ཨ་རིའི་གཞུང་གི་ལས་བྱེད་ས་ཡ་གཉིས་ལྷག་གི་ནང་ནས་ལས་བྱེད་༧༣༠༠༠ ལྷག་གིས་འཆར་གཞི་དེ་དང་ལེན་བྱས་ཡོད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུ་དང་མཉམ་དུ་བཙོན་པ་བརྗེ་རེས་ལེགས་འགྲུབ་བྱུང་རྗེས། ཡུག་ཀེ་རན་དང་ཨུ་རུ་སུ་དབར་གྱི་དམག་འཁྲུག་འདུམ་ཕྱིར་ཕྱི་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་འབད་བརྩོན་ཤུགས་ཆེན་གནང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་འཛིན་ཊམ་འཛིན་སྐྱོང་ཁང་གི་ཨ་མི་རི་ཀའི་གཞུང་ལ་འགྱུར་བཅོས་གཏོང་ཐབས་དེ་དག་ཆེས་ཐལ་ཆ་ཡིན་པའི་སྐྱོན་བརྗོད་གནང་སྟེ་འགྱུར་བཅོས་འཆར་གཞི་དེ་དག་ལ་དགག་ཆ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་ཕབ་སྒྱུར་བྱས།
ཊམ་འཛིན་སྐྱོང་གིས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལས་ཁུངས་སམ་USAID ལས་ཁུངས་ཀྱི་ཕྱི་རྒྱལ་ཁབ་ཁག་ལ་རོགས་རམ་གྱི་ལས་གཞི་རྣམས་བསྐྱར་ཞིབ་གནང་བཞིན་ཡོད་པའི་སྐབས་འདིར་ལས་ཁུངས་ཀྱི་ལས་གཞིར་སྐྱོན་བརྗོད་བྱེད་མཁན་ཚོས་གྲོས་འཆར་ག་རེ་བཏོན་ཡོད་པའི་སྐོར་ལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
རེས་གཟའ་མིག་དམར་ཉིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོ་ནས་འཇོར་ཌན་གྱི་རྒྱལ་པོ་ཨབ་དྷུ་ལཱ་དང་མཇལ་འཕྲད་གནང་སྐབས། གྷ་ཛ་རྩིས་ལེན་རྒྱུ་དང་པ་ལི་སི་ཐན་བ་རྣམས་གཏན་འཇགས་དང་ལེན་བྱ་རྒྱུའི་འཆར་གཞི་ལ་རྒྱབ་སྐོར་བྱ་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེས་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྣམས་འདོར་གྱི་མེད། ང་ཚོས་འཁྲུག་རྩོད་འགོག་པར་ཨ་རིའི་དམག་གི་སྟོབས་ཤུགས་གང་དུ་བཀོལ་དགོས་མིན་བསྐྱར་ཞིབ་བྱེད་ཀྱི་ཡོད། ཨ་རིས་རང་གི་མཐུན་གྲོགས་རྣམས་འདོར་བའམ། ཡང་ན་ཨ་རི་ནུབ་ཆིངས་སོགས་ནས་ཕྱིར་འཐེན་བྱེད་ཀྱི་འདུག་བསམས་ན་ནོར་འཁྲུལ་རེད་ཅེས་བཤད་འདུག
ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཕཱི་ཌེ་ཧཱག་སིཌ་ཡོ་རོབ་ནང་དུ་ཕེབས་ཡོད་པ་དང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་མཇལ་འཕྲད་དང་། ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཀྱི་མནའ་མཐུན་རྒྱལ་ཁབ་ཚོའི་ལྷན་ཚོགས་ལ་མཉམ་བཞུགས་སོགས་མཛད་འཆར་ཡོད་པའི་སྐོར་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
མང་སྣོན།