བགྲོ་གླེང་རྗེས་སུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་བློ་བཟང་ཡེ་ཤེས་ལགས་དང་པད་མ་བདེ་ཆེན་ལགས་ཀྱིས་སྲིད་འཛིན་འོས་མིའི་བགྲོ་གླེང་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན།
མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ ཧེ་རེ་སེ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གཉིས་ཀྱི་དབར་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བགྲོ་གླེང་ཐོག་མ་དེ་བྱེད་ཀྱི་ཡོད་པ་དང་། བགྲོ་གླིང་འདི་ནི་ཁོང་རྣམ་གཉིས་དབར་གྱི་བགྲོ་གླེང་ཐོག་མ་དེ་ཡིན་པ་མ་ཟད། མཐའ་མ་དེ་ཡང་ཆགས་སྲིད་པ་རེད།
ཕྱི་ཟླ་བཅིུག་པའི་ཚེས་༥ཉིན་ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན་པ་ལྟར་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་སོ་སོས་འོས་བསྡུའི་དྲིལ་བསྒྲགས་ཚ་ཚ་འུར་འུར་ངང་གནང་བཞིན་པ་དང་ཆབས་ཅིག
སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་ཡིས་མེ་མདའི་ཐོག་སྒྲིག་གཞི་དམ་པོ་འཛིན་རྒྱུའི་འཆར་གཞི་ཡོད་ཀྱང་/ ཁོང་གི་ཁ་གཏད་ ཌོ་ནལ ཊམ་གྱིས་མེ་མདའི་ཐོག་དམ་དྲག་དེ་དག་ཕྱིར་འཐེན་བྱེད་རྒྱུའི་ཁས་ལེན་གནང་གི་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་ VERONICA BALDERAS ཀྱིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས་ཡོད།
U.S. presidential candidate Kamala Harris is from one of America’s most politically liberal states — California. Her work as a local prosecutor, as the state’s attorney general and as its U.S. senator is central to Harris’ presidential campaign.
ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་འགུལ་ནི་འཛམ་གླིང་ཐོག་འོས་བསྡུའི་དུས་ཡུན་རིང་ཤོས་གྲས་ཤིག་ཡིན་ཞིང་། ཨ་རིའི་འོས་བསྡུ་དང་རྒྱལ་ཁབ་གཞན་གྱི་འོས་བསྡུའི་བར་དུས་བཀག་གི་ཁྱད་པར་ག་རེ་ཡོད་པ་གཤམ་དུ་གསལ།
རིང་མིན་ཧེ་རི་སིའམ་ཊམ་གང་རུང་སྲིད་འཛིན་གནང་སྲིད་པའི་གནས་སྟངས་འོག་ཡུག་ཀེ་རན་གྱི་ཐོག་ཤུགས་རྐྱེན་མི་འདྲ་བ་ཆེན་པོ་ཞིག་ཡོང་སྲིད་པ་རེད།དཔྱད་ཞིབ་པ་ཁག་གིས་བརྗོད་དོན་བྱས་ན་དུས་ཡུན་འདིའི་ནང་དམག་སའི་གནས་སྟངས་ལ་འགྱུར་ལྡོག་ཕྱིན་ཏེ་ཡུག་ཀེ་རན་གྱིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་རྒྱུའི་ནུས་སྟོབས་ཤིག་འབྱུང་སྲིད་ཟེར།
ཨ་རིའི་འོས་བསྡུའི་བདེ་འཇགས་འགོ་ཁྲིད་ཚོས་སླེབས་ལ་ཉེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐོར་ལ་དྲིལ་བསྒྲགས་ལོག་པ་གང་བྱུང་སྤེལ་བཞིན་པ་ཁག་ལ་ཨ་རིའི་འོས་འཕེན་མི་མང་ཚོས་སྣང་མེད་བཞག་ནས་དེར་དོ་སྣང་བྱ་རྒྱུ་མེད་ཅེས་ནན་བརྗོད་གནང་འདུག་ཅིང་།
སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཐད་ཤུགས་གནོན་རྒྱག་ཡུལ་གནད་དོན་གལ་ཆེན་གསུམ་ཡོད་པ་དེ་དག་ནི་དཔལ་འབྱོར་དང་ཕྱི་མི་གཞི་ཆགས། དེ་བཞིན་མངལ་གནས་ཕྲུག་གཏོར་བཅས་ཡིན་པ་དང་། སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་དབར་བདུན་ཕྲག་རྗེས་མར་བརྙན་འཕྲིན་ཐོག་བགྲོ་གླེང་ཐེངས་དང་པོ་བྱ་རྒྱུ་ཡིན་འདུག
ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་ཧེ་རི་སི་ལ་སྐྱོན་བརྗོད་པ་ཚོས་ཁོང་ལ་ཤེས་ཚད་དང་འཇོན་ཐང་མེད་ལུགས་བརྗོད་ནས་ཨ་རིའི་ལས་རྩོལ་བའི་ནང་འདྲ་མཉམ་དང་ཕྱོགས་སྣ་འཛོམས། དེ་བཞིན་མཉམ་ཞུགས་ཇེ་ཆེར་གཏོང་རྒྱུར་དམིགས་པའི་སྲིད་ཇུས་ནས་ཁེ་ཕན་བྱུང་ལུགས་བརྗོད་ཀྱི་ཡོད། རྒྱབ་སྐྱོར་བ་ཚོས་དེ་ནི་ཤེས་འཇོན་གཉིས་ལ་བརྟེན་ནས་བྱུང་བར་བཤད།
ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་ངམ་རིན་གོང་འཚམས་པོ་ཡོད་པའི་འཕྲོད་བསྟེན་ལྟ་སྐྱོང་ལ་བརྟེན་ནས་ཨ་རི་བ་ས་ཡ་མང་པོར་སྨན་བཅོས་ལྟ་སྐྱོང་ཐོབ་ཡོད། འོན་ཀྱང་མ་འོངས་པའི་སྲིད་འཛིན་གསར་པ་སུ་ཞིག་ཕེབས་པའི་སྐབས་ལ་ཁྲིམས་དེའི་གནས་བབས་ག་འདྲ་ཆགས་མིན་གསལ་པོ་མེད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
༄༅།། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཟླ་བ་༢་ལྷག་ལས་མེད་པའི་མཚམས་འདིར་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་དང་འོས་བསྡུའི་ཕྱག་སྦྲེལ་ཊིམ་ཝོལ་ཛི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་གིས་ཨ་རིའི་སྤྱི་དམངས་ཨི་ཇེབ་པ་ཞིག་གླས་ནས་ཁ་ཆེ་ཚོའི་འོས་ཤོག་ཐོབ་ཐབས་སུ་འབད།
མང་སྣོན།