ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་ཕུར་བུ། ༢༠༢༥/༠༤/༡༧

རྒྱང་སྲིང་དུས་ཚོད།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༣་ཚེས་༢༤

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དངོས་གཞིའི་འོས་གཞི་དག་གསལ་བསྒྲགས་དང་། ཡུ་རོབ་མནའ་འབྲེལ་གྱིས་རྒྱ་ནག་དཔོན་རིགས་ལ་ཉེས་ཆད། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་དང་ནུབ་ཆིངས་ཀྱི་འགོ་ཁྲིད་ལ་མཇལ་མོལ། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ལ་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ཐད་བཅར་འདྲི་ཞུས་པ་དང་། ཚེ་རིང་སྐྱིད་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་མི་སྣའི་འབྲེལ་མོལ་ལ་དཔྱད་ཞིབ་བྱས་ཞུས་ཡོད་པས་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༩།༣༠ དང་། རྒྱ་གར་གྱི་དགོང་མོའི་ཆུ་ཚོད་༧ སྟེང་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG