རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༡ ཟླ་བ་༣ ཚེས་༡༩
བོད་པའི་སྐུ་ཚབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་གཏམ་བཤད། ཡུ་གུར་བ་ཚོས་བཀག་ཉར་ཁང་སྒོ་རྒྱག་དགོས་པའི་རེ་སྐུལ། ཨ་རྒྱའི་འགལ་ཟླ་མི་རིགས་དབྱེ་འབྱེད་ཀྱི་རྣམ་པར་འགྱུར་ཉེན། ཨ་རིས་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁག་གི་ཚོང་ལས་ཐོབ་ཐང་ཕྱིར་བསྡུ། ཨ་རི་དང་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣས་བྱང་ཀོ་རི་ཡ་ཐོག་གི་ལངས་ཕྱོགས་་ངེས་རྟན་བཟོས།
དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༣་ཚེས་༡༩
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་ཨ་རིས་ཕྱི་སྲིད་དྲུང་ཆེས་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚམས་གཟིགས་གྲུབ་རྗེས་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་གནང་བཞིན་པ་དང་། དབྱིན་ཇིས་རྒྱ་ནག་ལ་གདོང་ལེན་གྱི་ཐབས་ཇུས་འདིང་བཞིན་པ། རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་ཨོ་ལིམ་པིག་འགྲན་ཚོགས་ལ་ངོ་རྒོལ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་ཅིག་ངོ་སྤྲོད་དང་། བོད་ཀྱི་པར་རྙིང་ཕྱོགས་བསྡུས་དྲ་ཚིགས། ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤཱསྟྲི་ལགས་ཀྱིས་འཇམ་དབྱངས་རྡོ་རྗེ་ལགས་དང་ལྷན་འདས་པའི་ལོ་༦༠ རིང་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གི་བོད་དོན་ལངས་ཕྱོགས་དང་སྲིད་ཇུས་ཀྱི་འགྱུར་བའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།