ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་ཕུར་བུ། ༢༠༢༥/༠༤/༡༧

རྒྱང་སྲིང་དུས་ཚོད།

༢༢:༠༠ - ༢༣:༠༠

དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༣་ཚེས་༢༣།

བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ལོ་ཉིས་སྟོང་ཉེར་གཅིག་དང་ཉེར་གཉིས་ལོའི་ལོ་འཁོར་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཡོད་པ། ཡོ་རོབ་མནའ་འབྲེལ་སོགས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཞིན་ཅང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་རྒྱ་ནག་ལ་ཉེས་ཆད་བཅད་ཡོད་པར་རྒྱ་ནག་གིས་ཡ་ལན་སློག་ཡོད་པ། ཨ་རིའི་ཁོ་ལོ་ར་སྒྲོ་མངའ་སྡེའི་ནང་དུ་མི་ཞིག་གིས་མེ་མདས་བརྒྱབ་ནས་ཉེན་རྟོག་པ་ཞིག་ཐེ་བའི་མི་བཅུ་བསད་ཡོད་པ་དང་དོགས་ཡོད་མི་སྣ་ཞིག་འཛིན་བཟུང་བྱས་ཡོད་པ། ཨུ་རུ་སུའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་འདི་གཉིས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཁ་གཏད་འཇལ་ཆེད་ཨ་སྒོར་བེད་སྤྱོད་གཏོང་རྒྱུ་ཉུང་རུ་གཏོང་རྒྱུའི་གླེང་སློང་བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།

XS
SM
MD
LG