རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། 2020 ཟླ་བ་༤ ཚེས་༠༢
ཨ་རིའི་གནམ་གྲུ་ལས་ཁང་གིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་དབྱེ་དགོས་པའི་འབོད་སྐུལ། ཁོར་ནེལ་གཙུག་ལག་སློབ་གྲྭའི་སློབ་མས་རྒྱ་ནག་དང་མཉམ་ལས་ཕྱིར་འཐེན་དགོས་བརྗོད་པ། རྒྱ་ནག་ནས་ལྷོོ་ཤར་ཨེ་ཤི་ཡ་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ཐབས། རྒྱ་གར་གྱིས་འབར་མ་ཐོག་དོ་མཉམ་པའི་ལས་དོན་བྱེད་དགོས་ངེས་ཆགས་འདུག།
དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༤་ཚེས་༢
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བྷོལ་ཊིག་མཚོ་རྒྱུད་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སོགས་དང་ལྷན་བཟང་སྤྱོད་ཐད་བགྲོ་གླེང་གནང་བ་དང་། ཨ་རིའི་གཞུང་གི་༢༠༢༠ ལོའི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ནང་བོད་ཀྱི་སྐོར་ག་རེ་འཁོད་ཡོད་པ། རྒྱ་ནག་གི་འགོག་ཁབ་དང་ཧོང་ཀོང་དུ་དྲག་གནོན་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་༢༠༢༡ ལོའི་སྲིད་སྐྱོང་གི་འོས་མི་གཉིས་ལས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།