ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་ཕུར་བུ། ༢༠༢༥/༠༤/༡༧

རྒྱང་སྲིང་དུས་ཚོད།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༤་ཚེས་༡༠།

ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཐེ་ཝན་ལ་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ངོས་ནས་མཉམ་འབྲེལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་ཕྱོགས་ཀྱི་འཆར་གཞི་གསར་བ་ཁྱབ་བསྒྲགས་བྱས་ཡོད་པ། རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་དང་བྲོས་བྱོལ་བ་འགོག་སྲུང་གི་ཆེད་དུ་རྒྱ་ནག་དང་འབར་མའི་ས་མཚམས་སུ་དམག་མི་སྟོང་ཕྲག་བདུན་ལྷག་མངགས་ཡོད་པ། བྱང་ཁོ་རི་ཡའི་མགོ་ཁྲིད་ཁེམ་ཇུང་ཨིན་གྱིས་སོ་སོའི་རྒྱལ་ཁབ་ཏུ་དཔལ་འབྱོར་ཉམ་ཉེས་ཀྱི་གོད་ཆག་ཆེན་པོ་ཞིག་ཡོང་ངེས་པའི་ཉེན་ཁ་འདུག་ཅེས་གཏམ་བཤད་སྤེལ་ཡོད་པ། གཞན་དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གལ་ཆེན་ཁག་གི་མདུན་ཤོག་ཏུ་ཐོན་པའི་གསར་འགྱུར་གྱི་ནང་དོན་ཕྱོགས་བསྒྲིགས་བྱས་ཡོད་པ་སོགས་ཀྱི་ནང་དོན་ཡོད།

XS
SM
MD
LG