ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་ཕུར་བུ། ༢༠༢༥/༠༤/༡༧

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན། ༢༠༢༡ ཟླ་ ༣་ཚེས་༡༧

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་ཉེན་བརྡ་བཏང་བ། རྒྱ་ནག་གིས་Signalཞེས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་བཀག་སྡོམ་བྱས་པ། རྒྱ་གར་གྱིས་འཛུགས་བསྐྲུན་འཕེལ་རྒྱལ་གྱི་ལས་གཞིའི་ཆེད་དངུལ་ཁང་ཆེན་མོ་ཞིག་གསར་འཛུགས་བྱེད་འཆར་ཡོད་པ། བྱང་ཀོ་རི་ཡས་ཨ་་རིར་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ལས་གཡོལ་དགོས་པའི་ཉེན་བརྡ། བྷུལ་ཟིལ་ལ་འགོག་སྨན་དགོས་མཁོ་ཆེ་བ་དེ་རྒྱ་ནག་གི་ཁེ་ཕན་དུ་འགྱུར་བཞིན་པ། ཨ་རིས་ཧོང་ཀོང་ལ་ཡོད་པའི་རྒྱ་ནག་དམར་ཤོག་གི་གསར་ཁང་ནས་གནས་ཚུལ་རྫུན་མ་སྤེལ་རྒྱུ་མེད་པའི་གསལ་སྟོན་གནང་ཡོད་པ།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༣་ཚེས་༡༧

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་དང་རྒྱལ་སྲུང་དྲུང་ཆེ་རྣམ་གཉིས་ཀྱིས་ཉི་ཧོང་དུ་འཚམས་གཟིགས་དང་། ༧གོང་ས་མཆོག་གིས་སོག་པོ་དད་ལྡན་ཚོར་གསུང་ཆོས། བོད་མི་མང་སྤྱི་འཐུས་གྲོས་ཚོགས་དབུ་འཛུགས། ཏོག་ནད་འགོག་ཁབ་ཅིག་ལ་བློ་དོགས། སེ་རི་ཡའི་དམག་འཁྲུག་བྱུང་ནས་ལོ་༡༠ འཁོར་བ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་ཁེ་ན་ཌར་གནས་འཁོད་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་། ཨ་རིའི་ཝྭིར་ཇཱི་ཎི་ཡ་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སློབ་མ་དཀོན་མཆོག་སྒྲོལ་མ་ལགས་རྣམ་གཉིས་དང་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོའི་དོན་སྙིང་སོགས་ཀྱི་ཐད་བགྲོ་གླེང་ཞུས་པ་དང་། ཚེ་རིང་སྐྱིད་ལགས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་བརྡ་འཕྲིན་བརྒྱུད་ལམ་གྱིས་བོད་སྐད་ཡིག་ལ་རམ་འདེགས་ག་འདྲ་བྱས་དང་བྱ་ཐུབ་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG