ཧྥི་ལི་པིན་གྱིས་ཨ་རིའི་དྲག་པོའི་རྟེན་གཞི་ཕྱིར་འཐེན་བྱས་ཏེ་ལོ་ངོ་བཅུ་ཕྲག་གསུམ་ལྷག་ཙམ་སོང་ཡོད། རྒྱ་ནག་གི་ཕྱོགས་ནས་ཉེན་ཁའི་འཇིགས་སྣང་ཆེ་རུ་འགྲོ་བཞིན་པར་བརྟེན་ཧྥི་ལི་པིན་གྱིས་རྒྱལ་ཡོངས་གང་སར་ཨ་རིའི་དྲག་པོའི་རྟེན་གཞི་ཁག་གསར་འབྱེད་བྱེད་རྒྱུར་མོས་མཐུན་གནང་གི་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཉི་ཧོང་དུ་ས་ཡོམ་རྒྱུགས་པ་དང་གནམ་གྲུ་བརྡབ་སྐྱོན་བྱུང་བ། པ་ཀི་སི་ཐན་གྱི་འབྱུང་ལ་ཉེ་བའི་འོས་བསྡུ་ལ་དོ་སྣང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ལས་འགུལ་བ་JIMMY LAI ཡིས་རྒྱལ་ནང་བདེ་འཇགས་ཁྲིམས་གཞི་དང་འགལ་བའི་ཉེས་འཛུགས་དེ་དག་ངོས་ལེན་བྱས་མེད་པ་བཅས་ཡོད།
༢༠༢༤ ལོ་འདིར་ཨ་མི་རི་ཀ་དང་རྒྱ་ནག་དབར་རྒྱལ་འབྲེལ་ཚུགས་ནས་ལོ་ངོ་ ༤༥ འཁོར་ཡོད་པ་རེད། ཚེས་༡ ཉིན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་ལ་འཚམས་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་ཡོད་པ་དང་། ཡིན་ནའང་རྒྱལ་ཁབ་གཉིས་གྱི་འབྲེལ་ལམ་ལ་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ།
ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུག་ཀེ་རན་ལ་རྒོལ་རྡུང་ནན་པོ་གཏོང་རྒྱུའི་ཉེན་བརྡ་སྔོན་ནས་བཏང་པ་ལྟར། ཁ་སང་ཚེས་གཉིས་ཉིན་ཡུག་ཀེ་རན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་ལ་མེ་ཤུགས་འཕུར་མདའ་བརྒྱ་ཕྲག་མིན་ཙམ་འཕངས། ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་མེ་ཤུགས་འཕུར་མདའ་༧༠ཙམ་འགོག་སྲུང་འཕྲུལ་ཆས་ལ་བརྟེན་ནས་བཀག་ཐུབ་ཡོད་ཅེས་བརྗོད།
ཁ་སང་གཟའ་མིག་དམར་ཉིན་ཨི་སི་རེལ་གྱིས་གྷ་ཛ་ལུང་གཤོངས་ནང་གནམ་ཐོག་ནས་དྲག་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་མཉམ་དུ། ལེ་བྷ་ནོན་གྱི་ལྷོ་ཕྱོགས་མངའ་ཁུལ་དུ་ཧེ་ཛི་བྷོ་ལ་དྲག་དམག་གི་ཐོག་དམིགས་འབེན་བྱས་ཏེ་གཏོར་རྒོལ་བྱས་ནས་དམག་འཁྲུག་འདི་མངའ་ཁུལ་གྱི་ནང་རྒྱ་ཁྱབ་འགྲོ་ཉེན་ཇེ་ཆེར་འགྲོ་བཞིན་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་བསྒྱུར།
༄༅།། ཨ་རིའི་མེན་མངའ་སྡེ་གཞུང་གིས་མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འགྲན་ཞུགས་བྱེད་མི་ཆོག་ཅེས་བཀག
རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་སྤྱི་ལོ་གསར་བའི་གཏམ་བཤད་དུ་ཐེ་ཝན་ལ་ཟླ་སྒྲིལ་གཏོང་རྒྱུའི་ཉེན་བརྡ་བཏང་བར་ཐེ་ཝན་སྲིད་འཛིན་གྱིས་སྤྱི་ལོ་གསར་བའི་གཏམ་བཤད་སྐབས་སུ་ལན་འདེབས་གནང་སོང་། ཐེ་ཝན་གྱི་སླེབས་ལ་ཉེ་བའི་འོས་བསྡུའི་དྲིལ་བསྒྲགས་ཁྲོད་དུ་ཐེ་ཝན་དང་རྒྱ་ནག་གི་འབྲེལ་ལམ་དེ་བརྗོད་གཞི་གལ་ཆེ་ཤོས་ཀྱི་གྲས་ཆགས་ཡོད།
༄༅།། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༤༥་འཁོར་བའི་དུས་སྐབས་དེར་ཞིས་ཅིན་ཕིང་གིས་སྲིད་འཛིན་བྷ་ཌན་ལ་རྟེན་འབྲེལ་ཞུས།
ལྷ་རམས་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར། ནོ་བྷེལ་གཟེངས་རྟགས་བཞེས་མཁན་ཞིག་འཛིན་བཟུང་། བྱིས་སྒྲུང་དང་རྩེད་ཆས་འདོན་སྤེལ། རྒྱ་གར་གྱིས་མཁའ་དབྱིངས་བུ་ག་ནག་པོར་ཞིབ་འཇུག ལྷོ་ཀོ་རི་ཡའི་འགོ་ཁྲིད་ཅིག་ལ་གྲི་བརྒྱབ་པ།
འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོགས་པའི་ཚོགས་གཙོ་དྲག་ཤོས་ཚེ་རིང་སྟོབས་རྒྱལ་དང་བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་དྲག་ཤོས་པདྨ་ཚེ་དབང་གཉིས་ཀྱིས་འདེམས་ཁོངས་ས་ཁུལ་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་
ཨི་སི་རེལ་གྱི་སྲིད་བློན་གྱིས་ཧ་མ་སི་ལ་ཁ་གཏད་དམག་འཁྲུག་འདི་དུས་ཡུན་རིང་པོ་འགོར་སྲིད་པའི་ཉེན་བརྡ་བཏང་པའི་འོག་དཀྱིལ་ཤར་མངའ་ཁུལ་གྱི་ནང་དམག་འཁྲུག་འདི་ཕྱི་ལོ་གསར་པ་༢༠༢༤འི་ནང་མུ་མཐུད་ཁྱབ་བཞིན་པའི་སྐོར་འདི་གའི་གསར་འགོད་པ་ ཨ་ར་ཤི་ཡིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།།
༄༅།། འདས་པའི་ལོ་དེར་ཕུ་ཊིན་གྱིས་སྐྱེས་པ་འབུམ་༣་ལྷག་དམག་ཁོངས་སུ་བསྡུས། ཨུ་རུ་སུའི་རྒྱལ་ཡོངས་སུ་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱས་ཏེ་ཟིང་འཁྲུག་ཆེན་པོ་ཞིག་ལངས་མ་ཐུབ།
ཕྱི་ལོ་༢༠༢༣ འདི་རྫོགས་ཉེར་ཡོད་པའི་སྐབས་འདིར་ཨ་རིའི་མི་མང་ས་ཡ་མང་པོས་གཟུགས་པོའི་ལྗིད་ཚད་ཡང་དུ་གཏོང་རྒྱུ་དང་། རྒྱུ་དངུལ་མང་ཙམ་གསོག་འཇོག སྐད་ཡིག་གསར་པ་སྦྱངས་རྒྱུ་སོགས་ཀྱི་ཁས་ལེན་དམ་བཅའ་མང་པོ་ཞིག་བྱེད། འོན་ཀྱང་ཟླ་ཤས་ནང་དམ་བཅའ་དེ་དག་བརྗེད་ཉེན་འགྲོ་བ་རེད། འོ་ན་དམ་བཅའ་འདི་དག་འཇོག་རྒྱུའི་རྒྱུ་མཚན་ཅི་ཡིན་ནམ།
རྒྱ་གར་ནང་གི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་མགྱོགས་ལམ་དང་ཆུ་མཛོད་སོགས་གཞི་རྩའི་རྨང་གཞིའི་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་བྱེད་བཞིན་ཡོད་པ་དེས། ས་གནས་ཀྱི་ཡུལ་མི་ཚོ་ལ་ཆུ་ལོག་ལ་སོགས་པའི་རང་བྱུང་གི་གོད་ཆགས་ཅི་རིགས་ཤིག་འབྱུང་འཇུག་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཏུར་ཀིས་སི་ཝེ་ཌན་དེ་དམག་ཆིངས་སྒྲིག་འཛུགས་སུ་ཞུགས་རྒྱུར་བཀའ་འཁྲོལ་གནང་བ། ཕྱི་སྲིད་དྲུང་ཆེས་མེག་སི་ཀོར་འཚམས་གཟིགས། བལ་ཡུལ་དུ་གླང་ཆེན་ཁྱུ་ཚོགས་ཀྱིས་སྣེ་འཁྲིད་པའི་དུས་སྟོན་སྲུང་བརྩི། ཨ་རིས་ཟླ་བའི་སྟེང་རྟེན་གཞི་ཞིག་འཛུག་རྒྱུའི་དམིགས་ཡུལ་གཏན་འབེབ་བཅས་ཡོད།
རེས་གཟའ་མིག་དམར་ཉིན་ཡུག་ཀེ་རེན་མཁའ་དམག་གིས་ཀི་རེ་མིར་གྱི་Feodosia གྲུ་ཁ་ལ་ཡོད་པའི་ཨུ་རུ་སུའི་མཚོ་དམག་གི་Novocherkassk རྟགས་ཅན་གྱི་དམག་གྲུ་ཆེན་པོ་ཞིག་གཏོར་ཡོད། ཡུག་ཀེ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་དོན་རྐྱེན་དེ་ཨུ་རུ་སུའི་མཚོ་དམག་གི་ཕམ་ཉེས་ཆེན་པོ་ཞིག་ལ་བརྩི་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས།
ཨི་སི་རེལ་གྱིས་གྱིས་གྷ་ཛ་ལུང་གཤོངས་ཀྱི་ནང་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ་ས་ཐོག་དཔུང་རྒོལ་རྒྱ་སྐྱེད་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་པ་དང་། སྲིད་བློན་ བྷེན་ཇ་མིན་ ནེ་ཐན་ཡ་ཧུ་ཡིས་ཨི་སི་རེལ་ལ་རྒྱལ་ཁ་མ་ཐོབ་བར་དུ་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ངོ་སྤྲོད་ཞུས།
༄༅།། རྒྱལ་ཁབ་དང་མི་རིགས་ཁག་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འབྲེལ་བ་ནི་འཛུགས་སླ་བ་ལྟར་ཆད་ཀྱང་སླ། ཆོས་རིག་གི་འབྲེལ་བ་ནི་བརྟན་པོ་དང་ཡུན་དུ་གནས་ཤིང་། གལ་སྲིད་ཆོས་རིག་གི་འབྲེལ་བ་དེ་ཆད་ན་སླར་གསོ་བྱ་རྒྱུ་ཤིན་ཏུ་དཀའ་བའི་གནས་ཚུལ་ཐོན་འདུག
མི་ནག་ཚོང་རྒྱག་མཁན་དང་འབྲེལ་བ་ཡོད་པའི་དོགས་གཞི་འོག རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧྥ་རན་སིའི་Vatry གནམ་ཐང་དུ་བཀག་ནས་ཉིན་འགའ་ཤས་རིང་ལ་ཞིབ་བཤེར་བྱས་རྗེས། རེས་གཟའ་མིག་དམར་ཉིན་གྱི་ཐོ་རེངས་ཙམ་ལ་རྒྱ་གར་གྱི་གྲོང་ཁྱེར་Mumbai ནང་དུ་ཕྱིར་ལོག་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༠༠་ཡས་མས་ཤིག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྨས་སྐྱོན་ཕོག་པའམ། ཡང་ན་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོན་འདུག
མང་སྣོན།