༄༅།། རྒྱལ་ཁབ་དང་མི་རིགས་ཁག་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འབྲེལ་བ་ནི་འཛུགས་སླ་བ་ལྟར་ཆད་ཀྱང་སླ། ཆོས་རིག་གི་འབྲེལ་བ་ནི་བརྟན་པོ་དང་ཡུན་དུ་གནས་ཤིང་། གལ་སྲིད་ཆོས་རིག་གི་འབྲེལ་བ་དེ་ཆད་ན་སླར་གསོ་བྱ་རྒྱུ་ཤིན་ཏུ་དཀའ་བའི་གནས་ཚུལ་ཐོན་འདུག
མི་ནག་ཚོང་རྒྱག་མཁན་དང་འབྲེལ་བ་ཡོད་པའི་དོགས་གཞི་འོག རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧྥ་རན་སིའི་Vatry གནམ་ཐང་དུ་བཀག་ནས་ཉིན་འགའ་ཤས་རིང་ལ་ཞིབ་བཤེར་བྱས་རྗེས། རེས་གཟའ་མིག་དམར་ཉིན་གྱི་ཐོ་རེངས་ཙམ་ལ་རྒྱ་གར་གྱི་གྲོང་ཁྱེར་Mumbai ནང་དུ་ཕྱིར་ལོག་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༠༠་ཡས་མས་ཤིག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྨས་སྐྱོན་ཕོག་པའམ། ཡང་ན་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོན་འདུག
འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར། ཡུག་ཀེ་རན་ནང་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གསར་པ། སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་གི་གལ་གནད་སྐོར་གསུང་བཤད། རྡོ་རྗེ་གདན་དུ་ཆོས་བརྒྱུད་ཁག་གི་སྨོན་ལམ། ཀོ་ལི་གྷལ་གཞིས་ཆགས་ནང་སྟོན་ཉེས།
༄༅།། བལ་ཡུལ་གྱི་སྐྱིད་མོ་ལུང་ཐེབས་རྩ་ཁང་རྩ་འཛུགས་པ་དང་ཚོགས་གཙོ་དབང་ཕྱུག་རབ་བརྟན་བླ་མར་རྒྱ་གར་གྱི་ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ་འདུག
ཐེ་ཝན་གྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན་ནས་རྒྱལ་ཁབ་མང་པོས་འོས་བསྡུ་རྗེས་ཀྱི་གནས་སྟངས་དང་ཤུགས་རྐྱེན་ལ་དཔྱད་ཞིབ་དང་ཚོད་དཔག་སྣ་ཚོགས་ཡོང་བཞིན་པའི་ཐད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་འདིར་གསལ།
༄༅།། ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་པ་དེའི་ཁོངས་ནས་མི་གྲངས་ས་ཡ་༡༩་ལྷག་གིས་འོས་ཤོག་འཕངས་ནས་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འདེམས་བསྐོ་བྱེད་ཆོག་པའི་ལོ་ཚད་ལོན།
༄༅།། རྒྱ་ནག་གིས་ཕྱི་ལོ་གསར་པའི་ཚེས་༡་ནས་བཟུང་སྟེ་ཐེ་ཝན་གྱི་རྫས་འགྱུར་ཐོན་སྐྱེད་རྣམ་གྲངས་༡༢་ལ་སྒོ་ཁྲལ་ཆག་ཡང་མེད་པར་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།
༢༠༢༣ ལོ་སྟོད་ལ་ནུབ་ཕྱོགས་ཀྱིས་ཡུག་ཀེ་རེན་ལ་གོ་མཚོན་ལྗིད་ཁོག་ཅན་དང་། ཚད་མཐོའི་མེ་ཤུགས་འཕུར་མདེལ་མ་ལག་མཁོ་སྤྲོད་བྱས་ནས་ཨུ་རུ་སུས་བཙན་བཟུང་བྱས་པའི་ས་ཁུལ་ཕྱིར་ལེན་ཐབས་བྱས། དེང་སྐབས་ཨུ་རུ་སུ་དང་ཡུག་ཀེ་རེན་གཉིས་ཀར་གཡུལ་ས་རུ་རྒྱལ་ཁ་ཆེན་པོ་སོན་ཐུབ་ཀྱི་མེད་ཅིང་ཞི་བའི་གྲོས་མོལ་བྱེད་རྒྱུའི་རྣམ་པའང་ཐོན་གྱི་མེད།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་བྱང་རྒྱུད་དུ་འཁོད་བའི་མེ་རེ་ལན་ཌི་གཙུག་ལག་སློབ་ཆེན་དུ་རྒྱལ་སྤྱིའི་སློབ་ཕྲུག་༥༠༠༠ ཙམ་ཡོད་པ་དེ་དག་མང་ཆེ་བས་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་རེད། སློབ་གཉེར་བྱེད་ཡུལ་ཨ་རི་འདེམས་དགོས་པའི་རྒྱུ་མཚན་གས་ཀྱི་གནས་ཚུལ་ཞིག་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཁ་ཊར་ནང་འཚམས་གཟིགས་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟར་དོ་སྣང་། རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མིས་ངོ་རྒོལ་ལས་འགུལ་སྤེལ་བ་སོགས་ཡོད།
ཏུར་ཀིའི་སྲིད་འཛིན་ལ་ལོ་འདིར་འོས་བསྡུའི་ལམ་ནས་དབང་ཆ་བསྐྱར་དུ་ཐོབ་པ་དང་བསྟུན་མངའ་ཁུལ་གྱི་ཆབ་སྲིད་དང་ཁ་ཆེའི་རྒྱལ་ཁབ་ཁྲོད་སྣེ་ཁྲིད་བྱེད་རྒྱུའི་དམིགས་ཡུལ་ཇི་བཞིན་ཡོང་གི་མེད་པའི་རྣམ་པ་ཐོན་གྱི་ཡོད་པ་དང་། ལོ་རྒྱུས་ཐོག་ནས་འཆམ་པོ་མེད་པའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱས་ཡོད་པ་རེད།
གཟའ་ཟླ་བའི་ཉིན་མོར་ཧྥིན་ལན་ཌི་དང་ཨ་རིའི་དབར་ལ་རྒྱལ་སྲུང་མཉམ་འབྲེལ་གྱི་གན་རྒྱ་གསར་པ་བཞག་ཡོད་པ་རེད། ཟླ་བ་སྔོན་མར་ཨུ་རུ་སུས་ཧྥིན་ལན་ཌིའི་ས་མཚམས་བརྒྱུད་ནས་བྲོས་བྱོལ་བ་མང་པོ་བཏང་པར་བརྟེན་རྒྱལ་མཚམས་སྒོ་བརྒྱབ་ཡོད་པ་རེད། དེའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཨི་སི་རལ་དུ་འཚམས་གཟིགས་གནང་སྟེ་ཨི་སི་རལ་ལ་མུ་མཐུད་གཡོ་བ་མེད་པའི་རྒྱབ་སྐྱོར་བྱ་རྒྱུ་གསུངས་པ་དང་འབྲེལ་པ་ལི་སི་ཐན་གྱི་ཞི་བའི་མི་སེར་སྲུང་སྐྱོབ་བྱ་རྒྱུའང་འགངས་ཆེན་ཡིན་པ་ནན་བརྗོད་གནང་། དེ་བཞིན་གྷ་ཛ་དམག་འཁྲུག་མཇུག་བསྒྲིལ་རྒྱུར་ཕྱོགས་གཉིས་ཀས་གྲོས་མཐུན་བྱ་དགོས་པའི་འབོད་སྐུལ་གནང་།
༄༅།། ཨ་རིའི་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་དེའི་སྔོན་འགྲོའི་འོས་འདེམས་དུས་སུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མིང་ཐོ་འདེམས་ཤོག་ནང་དུ་འགོད་རྒྱུ་འོས་བབ་མི་འདུག་ཅེས་བཅད་ཁྲ་བསྒྲགས།
ཨུ་རུ་སུས་ཡུག་ཀེ་རེན་ལ་བཙན་འཛུལ་བྱས་རྗེས་ཧྥིན་ལན་བྱང་ཆིངས་ཀྱི་ཁོངས་སུ་ཞུགས་རྒྱུར་རེ་འདུན་ཞུས་ཤིང་། ༢༠༢༣ལོར་བྱང་ཆིངས་གིས་ཁོངས་གཏོགས་རྒྱལ་ཁབ་སུམ་བཅུ་སོ་གཅིག་པར་ངོས་ལེན་བྱས་ཤིང་། སི་ཝེ་ཌན་གྱི་རེ་བ་ལེགས་འགྲུབ་བྱུང་མེད། ཡུག་ཀེ་རེན་སྒྲིག་འཛུགས་འདིའི་ཁོངས་སུ་ཞུགས་རྒྱུ་ནི་ད་དུང་ངེས་གཏན་མེད་པ་ཆགས།
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ལོ་རྗེས་མའི་སྲིད་འཛིན་འོས་བསྡུ་དེ་ནི་རྒྱལ་ཁབ་འདིའི་ཚེ་སྲོག་དང་འབྲེལ་བའི་འཐབ་རྩོད་ཅིག་རེད་ཅེས་གསུངས། ཁོང་གིས་ ཨ་རིའི་དམངས་གཙོར་སྡིགས་སྐུལ་ཉེན་ཁར་གཏད་པ་དང་། མངལ་གནས་ཕྲུག་འདོན། དེ་བཞིན་དཔལ་འབྱོར་གྲུབ་འབྲས་བཅས་གཙོར་བཟུང་ཐོག་སྲིད་འཛིན་འོས་བསྡུའི་ནང་འགྲན་རྩོད་གནང་གི་ཡོད་པ་རེད།
ཧྥི་ལི་པིན་དང་རྒྱ་ནག་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་ཆེ་བའི་མཚོ་ཁུལ་དུ་ཐུག་རྩོད་བྱུང་བའི་གནད་དོན་ཐད་ཕན་ཚུན་ལ་སྐྱོན་བརྗོད་བྱེད། རྒྱལ་ཁབ་གཉིས་ཀྱི་གྲུ་གཟིངས་ནི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ ཉིན་གྲུ་ཐུག་བརྒྱབ། རྒྱ་ནག་གིས་ཛ་དྲག་གི་གནས་སྟངས་དེའི་འོས་འགན་ཆ་ཚང་ཧྥི་ལི་པིན་ལ་ཡོད་ཟེར། དེ་ནི་ལོག་འགྲེལ་རེད།
སྲིད་འཛིན་བྷ་ཌན་མཆོག་གིས་ཨེ་སི་རལ་གྱི་སྲིད་འཛིན་ནེ་ཐ་ཡ་ཧུ་ལ་ད་ཡོད་ཀྱི་དམག་འཁྲུག་གི་ལམ་ཕྱོགས་ལ་འགྱུར་བ་མ་བཏང་ཚེ། རྒྱལ་སྤྱིའི་སྒང་ནས་ཨི་སི་རལ་ལ་རྒྱབ་རྟེན་ཉུང་དུ་འགྲོ་སྲིདད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།
ཡུ་རོབ་མནའ་མཐུན་གྱི་འགོ་ཁྲིད་ཚོས་ཡུག་ཀེ་རེན་ནི་མནའ་མཐུན་འདིའི་འཐུས་མིར་ཞུགས་རྒྱུའི་སྐོར་ལ་གྲོས་མོལ་འགོ་འཛུགས་གནང་རྒྱུར་མོས་མཐུན་བྱུང་པའི་ཐོག་ནས་ཡུག་ཀེ་རེན་དེ་ཡུ་རོབ་མནའ་མཐུན་གྱི་འཐུས་མི་ཆགས་རྒྱུའི་ཐག་ཇེ་ཉེར་ཕྱིན། ཡུ་རོབ་མནའ་མཐུན་གྱི་རོགས་དངུལ་རྒྱབ་སྐྱོར་ལ་ཆོག་མཆན་འགོད་རྒྱུར་འགོག་རྐྱེན་ཞིག་འཕྲད་ཡོད།
མང་སྣོན།