སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་མོ་རོ་ཀོ་དང་སོ་མ་ལི་ཡའི་མངའ་ཁོངས་སུ་གཏོགས་པའི་སོ་མ་ལིའི་ཡུལ་དང་པན་ཊིའི་ཡུལ་བཅས་ཀྱིས་ལེན་དགོས་ཞེས་གྲོས་གཞི་གསར་པ་ཞིག་བཏོན།
བྷཱང་ལ་རྡེཤ་ཡི་སྲིད་བློན་ཟུར་པ་ལྕམ་ཤེག་ཧ་སི་ན་ཡིས་དྲ་ལམ་གྱི་ངོ་དེབ་སོཌ་ཀྱི་བརྒྱུད་ནས་རང་ཉིད་ཀྱི་རྒྱབ་སྐྱོར་བ་ཚོར་གསུང་བཤད་གནང་བ་དང་སྟབས་བསྟུན་ཏེ་བྷཱང་ལ་རྡེཤ་ཡི་ནང་ངོ་རྒོལ་བྱེད་མཁན་མི་མང་སྟོང་ཕྲག་མང་པོས་རྒྱལ་ས་ཌཱ་ཀའི་ནང་ངོ་རྒོལ་ལས་འགུལ་ཤུགས་ཆེ་ཞིག་བྱས་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཨ་རི་མུ་མཐུད་དེ་གནས་སྒྱུར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྒྲིག་འཛུགས་འདིའི་འགོ་ཁྲིད་དེ་ཨ་རི་བ་ཞིག་བྱ་དགོས་པ་དང་འབྲེལ། སྒྲིག་འཛུགས་ལ་བཅོས་འགྱུར་ཆེན་པོ་བཏང་དགོས་པ། ཨ་རིའི་ཊརམ་འཛིན་སྐྱོང་ཁང་གིས་འགོ་ཁྲིད་ཚོས་བསམ་གཞིགས་བྱེད་བཞིན་ཡོད་པའི་སྐོར།
ཨ་རིའི་ས་ཐོག་ལ་ཁྲིམས་འགལ་ལ་ཡོད་པའི་རྒྱ་གར་གྱི་རྒྱལ་འབངས་༡༠༠་ལྷག་གཟའ་འཁོར་འདིར་ཨ་རིས་དམག་མིའི་གནམ་གྲུའི་ནང་ལ་རྒྱ་གར་ལ་སློག་སྟངས་དེར་རྒྱ་གར་གྱི་ཁ་གཏད་ཚོགས་པས་ངོ་རྒོལ་བྱེད་བཞིན་པ་དང་། འདི་ལྟར་ནི་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨ་རིར་ཕེབས་ནས་ཨ་རིའི་སྲིད་འཛིན་ཊྲམ་ལ་མཇལ་འཕྲད་གནང་གྲབས་ཡོད་པའི་སྐབས་སུ་འབྱུང་།
ཉི་ཧོང་གི་སྲིད་བློན་ཤི་གྷེ་རུ་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཊམ་དང་མཇལ་འཕྲད་གནང་གི་ཡོད། ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཁག་གིས་ཨ་རི་དང་ཉི་ཧོང་གི་མཐུན་ཕྱོགས་འབྲེལ་བ་དེ་བསྐྱར་བརྗོད་བྱ་རྒྱུ་དང་། སྲིད་བློན་ཨི་ཤི་བ་དང་ཊམ་རྣམ་གཉིས་དབར་སྐུ་སྒེར་གྱི་འབྲེལ་བ་སྲ་བརྟན་བཟོ་རྒྱུའི་རེ་འདུན་བྱེད་ཀྱིན་ཡོད་ཅེས་གསུངས།
ཕོ་བྲང་དཀར་པོས་རེས་གཟའ་ལྷག་པའི་ཉིན། སྲིད་འཛིན་ཌོ་ནལ་ཊམ་ད་ཕན་ཨ་རིའི་དམག་བཏང་ནས་གྷ་ཛར་བདག་པོ་རྒྱག་རྒྱུའི་ཐག་གཅོད་བྱུང་མེད་པ་དང་། པ་ལེ་སི་ཐན་བ་རྣམས་གནས་སྤོ་བྱེད་འཇུག་པའི་འཆར་གཞི་དེ་ནི་འཕྲལ་སེལ་རིང་ལ་པ་ལེ་སི་ཐན་གྱི་མི་ཚོ་བསྐྱར་དུ་གོ་སྒྲིག་བྱེད་སྟངས་ཤིག་ཡིན་པ་བརྗོད་ཡོད་པའི་སྐོར་འདིར་གསལ།
༄༅།པེ་ལེ་སི་ཐན་བ་དང་ཁོང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་སོགས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་གྱིས་ཨ་རིས་གྷ་ཛ་ས་ཁུལ་བཙན་བཟུང་བྱེད་རྒྱུ་དང་གྷ་ཛའི་ནང་དུ་གནས་སྡོད་བྱེད་མཁན་ཚོ་གཏན་དུ་ས་ཁུལ་གཞན་དུ་གནས་སྤོ་བྱེད་དགོས་ཟེར་བའི་གཏམ་བཤད་ཞིག་གནང་བ་དེར་མི་འདོད་པའི་སྐྱོན་བརྗོད་ཤུགས་ཆེ་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།
ཐེ་ལན་སྲིད་གཞུང་གིས་རྒྱལ་ཁབ་མང་པོའི་མི་མང་ཚོར་བསླུ་བྲིད་བྱེད་མཁན་ཁྲིམས་འགལ་གྱི་ཚོང་ལས་ལྟེ་གནས་དེ་དག་བཀག་འགོག་བྱ་ཐབས་སུ་དམིགས་ཏེ་འབར་མ་དང་ཉེ་འགྲམ་ས་མཚམས་མངའ་ཁུལ་ཁག་ཅིག་ལ་གློག་དང་དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་ཁག་བར་བཀག་འགོག་བྱས་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེ་ལམ་གྷ་ཛའི་མི་དམངས་རྣམས་ཉེ་འབྲེལ་རྒྱལ་ཁབ་ཇོར་ཌན་དང་ཨི་ཅེབ་ཁུལ་དུ་གནས་སྤོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལས་བརྒལ་ཏེ། ད་ཆ་ཨ་རིས་གྷ་ཛ་ས་ཁུལ་ལ་བདག་པོ་རྒྱག་རྒྱུའི་འདོད་པ་ཡོད་པ་གསུངས་ཡོད་པའི་སྐོར་འདིར་གསལ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེ་ལམ་གྷ་ཛའི་མི་དམངས་རྣམས་ཉེ་འབྲེལ་རྒྱལ་ཁབ་ཇོར་ཌན་དང་ཨི་ཅེབ་ཁུལ་དུ་གནས་སྤོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལས་བརྒལ་ཏེ། ད་ཆ་ཨ་རིས་གྷ་ཛ་ས་ཁུལ་ལ་བདག་པོ་རྒྱག་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྲིད་འཛིན་ཊམ་གྱིས་པ་ལི་སི་ཐན་བ་ཚོ་གཏན་དུ་ས་གནས་གཞན་ལ་སྤོ་དགོས་པ་དང་ཨ་མི་རི་ཀས་གྷ་ཛ་ཐང་གཤོངས་བླངས་ནས་བདག་པོ་རྒྱག་ཆོག་ཅེས་བསམ་ཚུལ་བཏོན།
ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་ཝ་ཤིང་ཊོན་དུ་ཕེབས་ནས་གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊམ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། དབུ་ཁྲིད་རྣམ་གཉིས་ཀྱིས་གྷ་ཛའི་མེ་འཕེན་མཚམས་འཇོག་གི་རིམ་པ་གཉིས་པའི་སྐོར་བཀའ་མོལ་གནང་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
མང་སྣོན།