ངོ་འཕྲད་བདེ་བའི་དྲ་འབྲེལ།

 
པེ་ལེ་སི་ཐན་བ་ཚོས་ཨ་རིའི་སྲིད་འཛིན་གྱི་དགོངས་ཚུལ་ངོ་རྒོལ།
གཟའ་ཉི་མ། ༢༠༢༥/༠༤/༡༣

པེ་ལེ་སི་ཐན་བ་ཚོས་ཨ་རིའི་སྲིད་འཛིན་གྱི་དགོངས་ཚུལ་ངོ་རྒོལ།


ག་ཛ་ཁུལ་གྱི་ཌེར་ཨལ་པ་ལ་ཤར་ཡོད་པའི་མཚོ་འགྲམ་དུ་
ག་ཛ་ཁུལ་གྱི་ཌེར་ཨལ་པ་ལ་ཤར་ཡོད་པའི་མཚོ་འགྲམ་དུ་

༄༅།པེ་ལེ་སི་ཐན་བ་དང་ཁོང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་སོགས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་གྱིས་ཨ་རིས་གྷ་ཛ་ས་ཁུལ་བཙན་བཟུང་བྱེད་རྒྱུ་དང་གྷ་ཛའི་ནང་དུ་གནས་སྡོད་བྱེད་མཁན་ཚོ་གཏན་དུ་ས་ཁུལ་གཞན་དུ་གནས་སྤོ་བྱེད་དགོས་ཟེར་བའི་གཏམ་བཤད་ཞིག་གནང་བ་དེར་མི་འདོད་པའི་སྐྱོན་བརྗོད་ཤུགས་ཆེ་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

དེ་ཡང་སྲིད་འཛིན་ཊམ་གྱིས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་ཕོ་བྲང་དཀར་པོར་མཇལ་འཕྲད་གནང་བའི་རྗེས་མཉམ་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་གྷ་ཛ་ལུང་ཤོངས་ཀྱི་ཕྱི་རོལ་དུ་པེ་ལེ་སི་ཐན་བ་ཚོའི་ཆེད་དུ་གཞིས་ཆགས་གསར་པ་ཞིག་བརྒྱབ་རྒྱུ་དང་། ད་བར་དུ་དམག་འཁྲུག་ནང་གཏོར་བཤིག་ཕོག་པའི་གྷ་ཛ་ས་ཁུལ་དེ་ཨ་རིའི་བདག་དབང་འོག་གི་དཀྱིལ་ཤར་མངའ་ཁུལ་གྱི་སྤྲོ་འཆམ་བྱེད་ཡུལ་བྱེད་ཡུལ་ཞིག་ཏུ་འཛུགས་བསྐྲུན་བྱེད་རྒྱུ་སོགས་དགོངས་འཆར་གསུངས་ཡོད་པ་དང་དེའི་སྐབས་སུ་སྲིད་བློན་ནེ་ཐན་ཡ་ཧུ་ནས་འཛུམ་དམུལ་ཐེངས་ཁ་ཤས་ཤིག་གནང་བ་སོགས་ཀྱི་གནས་ཚུལ་དེ་ཚོར་པེ་ལེ་སི་ཐན་བ་དང་ཁོང་ཚོའི་རྒྱབ་སྐྱོར་བ་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

པེ་ལེ་སི་ཐན་གྱི་སྲིད་འཛིན་མཱ་མུད་ཨབ་བྷ་སིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་པེ་ལེ་སི་ཐན་མི་མང་དང་ཁོང་ཚོའི་བདག་དབང་དང་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་པ་དང་ཨ་རིའི་སྲིད་འཛིན་ཊམ་གྱི་དགོངས་འཆར་དེ་ཚོ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྩིས་མེད་བྱས་པ་ཞིག་རེད་ཅེས་གསུངས་ཡོད་པ་དང་།དབྱིན་ཇིའི་སྲིད་བློན་ཁཱེ་་སི་ཊར་མཱར་གྱིས་པེ་ལེ་སི་ཐན་པ་ཚོ་སོ་སོའི་སྡོད་ཡུལ་གྷ་ཛ་ས་ཁུལ་དུ་ཕྱིར་ལོག་བྱེད་ཆོག་པའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པ་གསུངས་ཡོད་པ་རེད།

ཨུ་རུ་སུའི་གཞུང་གིས་པེ་ལེ་སི་ཐན་མི་རིགས་ཚོར་རང་གི་རྒྱལ་ཁབ་ཤིག་ཟུར་དུ་དགོས་རྒྱུ་དེ་ནི་དཀྱིལ་ཤར་མངའ་ཁུལ་གྱི་རྩོད་གཞི་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དེ་རེད་དེ་སྔའི་ལངས་ཕྱོགས་ཁག་བསྐྱར་བརྗོད་བྱས་པ་དང་སྲིད་འཛིན་ཌམ་གྱི་དགོངས་ཚུལ་དེ་ཚོར་ཨི་ཇེབ་དང་ཇཱོར་ཌན་སོགས་ཨ་རབ་རྒྱལ་ཁབ་ཁག་ནས་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་ཅེས་ཨུ་རུ་སུའི་གཞུང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་ཡོད་པ་དང་ཡང་འཇར་མ་ནིའི་ཕྱི་སྲིད་བློན་ཆེན་གྱིས་གྷ་ཛ་ལུང་ཤོངས་དང་ནུབ་མཚོ་མཁའ་དེ་བཞིན་ཤར་ཇུ་རུ་སཱ་ལན་སོགས་ནི་པེ་ལེ་སི་ཐན་མི་རིགས་ཚོར་དབང་བ་ཞིག་ཡིན་པ་དང་པེ་ལེ་སི་ཐན་བ་ཚོ་གྷ་ཛ་ནས་ས་ཁུལ་གཞན་དུ་གནས་སྤོ་བྱེད་དགོས་ལུགས་བརྗོད་པ་དེ་ནི་པེ་ལེ་སི་ཐན་བ་ཚོས་ཁས་ལེན་ཐབས་མེད་པ་ཞིག་དང་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་ཞིག་རེད་ཅེས་འཇར་མ་ནིའི་ཕྱི་སྲིད་བློན་ཆེན་ནས་གསལ་བསྒྲགས་ཤིག་ནང་གསུངས་ཡོད་པ་དང་།ཕཱ་རན་སི་གཞུང་གིས་ཀྱང་པེ་ལེ་སི་ཐན་བ་ཚོ་བཙན་དབང་གིས་གནས་སྤོ་བྱེད་རྒྱུ་ནི་མི་འོས་པ་དང་དེར་ངོ་རྒོལ་ཡོད་ཅེས་ལངས་ཕྱོགས་འགྲེལ་བརྗོད་གནང་ཡོད་པ་སོགས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ནས་ཨ་རིའི་སྲིད་འཛིན་ཌམ་གྱི་དགོངས་འཆར་དེར་སྐྱོན་བརྗོད་ཞུ་ཡི་ཡོད་པ་རེད།

ཡིན་ནའང་ཨི་སི་རལ་གྱི་དབུ་ཁྲིད་དང་ལྷག་པར་དུ་ལྟ་བ་འཁྲིགས་འཛིན་ཅན་གྱི་ཇེའུ་མི་རིགས་ཀྱི་ཚོགས་པ་ཁག་གིས་ཨ་རིའི་སྲིད་འཛིན་གྱི་དགོངས་ཚུལ་དེར་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG