TV
དགོང་དྲོའི་ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༣ ཚེས ༦
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཡུ་རོབ་ཀྱི་རྒྱབ་སྐྱོར། ཁྲིམས་ཁང་གི་ཐག་གཅོད་ཕྱིར་འཐེན། ཐའེ་ཝན་གྱི་ཆིབ་ལེབ། ཨེ་ཇེབ་ཀྱིས་གྷ་ཛའི་མ་འོངས་མདུན་ལམ་ཐད་འཆར་གཞི་བཏོན་པ། ཊམ་གྱི་གཏམ་བཤད་ཐད་གྲོས་ཚོགས་འཐུས་མི་ཚོའི་ལྟ་སྟངས། ཕྱི་མིར་འགན་སྲུང་ཡོད་པའི་གྲོང་ཁྱེར་སྤྱི་ཁྱབ་པས་གྲོང་ཁྱེར་གྱི་སྲིད་བྱུས་འགན་སྲུང་བྱས་པ། ཡུག་ཀེ་རན་གྱི་ས་ཆ་མང་པོ་ཨུ་རུ་སུས་བཙན་བཟུང་། སྒོ་ཁྲལ་གྱིས་ཨ་རིའི་ཚོང་པ་ཆུང་ཁག་ལ་དོ་ཕོག རྒྱ་ནག་གི་འཆར་ལྡན་བུ་སྐྱེས་དང་བོད་ཐོག་ཤུགས་རྐྱེན
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༣ ཚེས ༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཊམ་གྱིས་ཨུ་ཡུག་གཉིས་ལ་ཞི་བདེའི་གྲོས་མཐུན་འཇོག་རྒྱུ་ལས་གདམ་ག་གཞན་མེད་པ་དང་། ཧ་མ་སི་ལ་མི་གཏའ་གློད་གྲོལ་གྱི་འབོད་སྐུལ། ཝང་དབྱིས་ཨ་རིའི་སྒོ་ཁྲལ་ལ་སྐྱོན་བརྗོད། ཐེ་ཝན་གྱིས་གློབ་ལེབ་ཁང་གི་ལས་འཆར་ལ་བསྔགས་བརྗོད། ཧོང་ཀོང་ཁྲིམས་ཁང་གིས་དམངས་གཙོ་དོན་གཉེར་བར་བསྐྱར་ཞིབ་བྱས་པ་སོགས་ཡོད། ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་གྱིས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་དང་། བྱང་ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་གདན་འདྲེན་ཞུས་ནས་ཨ་རིས་ཡུ་རོབ་དང་ཡུཀ་རེན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་ནས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་འབྱུང་མིན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།