TV
དགོང་དྲོའི་ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་གྱི་མཇལ་མོལ་དང་། རྒྱལ་ཚོགས་སུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཐད་ཞིབ་དཔྱོད་ཀྱི་འབོད་སྐུལ། ཛེ་ལན་སི་ཀེའི་དམག་འཁྲུག་ཐད་ཀྱི་ལངས་ཕྱོགས། ཨ་རིའི་དཔལ་འབྱོར་གནས་སྟངས། འཇར་མན་གྱི་འོས་བསྡུ། ཨིན་རྡུ་ནེ་ཤི་ཡའི་དཔལ་འབྱོར་སྲི་ཚགས་ཀྱི་སྲིད་ཇུས་སོགས་ཡོད། ཐེངས་འདིའི་ཞིབ་འགྲེལ་གྱི་ལེ་ཚན་ནང་། ཡུག་ཀེ་རེན་གྱི་དམག་འཁྲུག་འགོ་བཙུགས་ནས་ལོ་གསུམ་འཁོར་བའི་གནས་སྟངས་སྐོར། བསོད་ནམས་གཡང་འཛོམས་ལགས་ཀྱིས་འདི་གའི་རྩོམ་སྒྲིག་པ་བློ་བཟང་ཡེ་ཤེས་ལགས་དང་གླེང་མོལ་ཞུ་རྒྱུ་ཡིན།
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱལ་ཚོགས་སུ་ཡུག་ཀེ་རན་གྱི་ཐད་གྲོས་ཆོད་བཞག་པ་དང་། ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་གྱི་མཇལ་འཕྲད། ཛེ་ལན་སི་ཀེ་ནི་ཡུ་རོབ་ཀྱི་འགོ་ཁྲིད་རྣམ་པ་དང་མཇལ་འཕྲད། ཨ་རིའི་དམག་དཔུང་གི་འགྱུར་བ། ཊམ་གྱི་སྒོ་ཁྲལ་གསར་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བསོད་ནམས་རྡོ་རྗེ་ལགས་གདན་ཞུས་ཀྱིས། ཉེ་ཆར་ཁོང་གིས་བརྩམས་གནང་བའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དེབ་དང་འབྲེལ་ནས། རྒྱ་ནག་གིས་གསེར་ཁྲི་མངའ་གསོལ་སྐོར་ལ་འཁྱོག་བརྗོད་བྱས་པའི་གཞུང་འབྲེལ་གྱི་ཡིག་ཆ་དང་ཏར་འཕྲིན་སོགས་གསལ་བཀྲོལ་བྱས་ཏེ། རྒྱ་ནག་གཞུང་གིས་དེའི་ཐད་ནང་འགལ་གྱི་སྲིད་ཇུས་འཛིན་ཡོད་པ་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།