TV
དགོང་དྲོའི་ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༧
ཨ་རིའི་རླུང་འཕྲིན་ཁང་གི་དེ་རིང་དགོང་དྲོའི་ཀུན་གླེང་དུ་ལོ་སར་བསུ་བའི་འབྲས་དཀར་བཤད་པ་དང་། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོའི་ལོ་གསར་གསུང་བཤད། དྲ་སྣང་གི་བོད། དེ་བཞིན་དེ་རིང་གི་གསར་འགྱུར་གལ་ཆེན་ཁག་ཅིག་ཡོད་པས་གསན་གཟིགས་གནང་བར་ཞུ། གསན་གཟིགས་གནང་མཁན་ཡོངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༨
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དྷ་རམ་ས་ལར་བོད་རྒྱལ་ལོ་ ༢༡༥༢ ཤིང་ཕོ་སྦྲུལ་གྱི་གཞུང་འབྲེལ་ལོ་གསར་སྲུང་བརྩི་གནང་བ་དང་། སྲིད་འཛིན་ཊམ་ནི་དེ་རིང་ཛེ་ལན་སི་ཀེ་དང་མཇལ་འཕྲད་གནང་རྒྱུ་དང་ཁ་སང་དབྱིན་ཇིའི་སྲིད་བློན་དང་མཇལ་མོལ་གནང་བ། ཐེ་ཝན་གྱིས་རྒྱ་ནག་གི་དམག་སྦྱོང་ལ་ཁ་རྡུང་བཏང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་གསར་འགྱུར་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་སྐལ་བཟང་མཁས་གྲུབ་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་ལོ་གསར་གྱི་བྱུང་རབས་དང་བོད་ལ་ལོ་གསར་རིགས་མ་འདྲ་བ་ཅི་ཙམ་ཡོད་མེད། ལོ་གསར་ལ་ཆེད་དུ་གྲ་སྒྲིག་བྱ་དགོས་པ་སོགས་ལ་བགྲོ་གླེང་ཁག་ཅིག་ཞུ་རྒྱུ་ཡིན།།