TV
དགོང་དྲོའི་ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༥
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཡི་ཤུའི་བླ་ཆེན་སྤོབ་སྨན་ཁང་མུ་མཐུད་བཞུགས་ཡོད་པ་དང་། རྒྱལ་ཚོགས་ནང་ཡུ་ཀེ་རན་གྱི་གྲོས་ཆོད་ལ་ཨ་རིས་རྒྱབ་སྐྱོར་གནང་མེད་པ། ཨ་རི་དང་ཧྥི་རན་སིའི་སྲིད་འཛིན་གཉིས་མཇལ་མོལ་གནང་བ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ལ་འཚམས་གཟིགས་གནང་བཞིན་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངོ་སྤྲོད་ཀྱི་ལས་རིམ་བཅས་སྙན་སྒྲོན་ཞུ་རྒྱུ་ཡོད།
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༦
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་སུ་སྔོན་རྩིས་གྲོས་ཆོད་བཞག་པ་དང་། ཨི་སི་རལ་དང་ཧ་མ་སིའི་བར་གྱི་མོས་མཐུན་གསར་པ། ཨ་རི་དང་ཡུག་ཀེ་རན་གྱིས་གཏེར་རྫས་ཐད་གྲོས་མཐུན་འཇོག་རྒྱུ། ཟངས་ཀྱི་སྒོ་ཁྲལ། ཨ་རིར་གནས་སྤོར་གཞིས་ཆགས་ཀྱི་གསེར་གྱི་བྱང་བུ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་གདན་འདྲེན་ཞུས་ནས་ཉེ་ཆར་ཇི་ནི་ཝ་ལྷན་ཚོགས་སུ་རང་གི་མྱོང་བ་གཞི་ལ་བཞག་སྟེ། བོད་ཀྱི་ཆབ་སྲིད་བཙོན་པ་དང་བོད་མི་ཚོས་རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་གདུག་རྩུབ་ཅན་གྱི་འོག་ཏུ་དཀའ་ངལ་མྱོང་བཞིན་པ་དཔང་བོ་བྱས་ཡོད་པ་དེའི་ཐད་ནས་བགྲོ་གླེང་ཞུ་རྒྱུ་ཡིན།