TV
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༡༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཁ་ན་ཌའི་གནམ་ཐང་དུ་གནམ་གྲུའི་ཆག་སྒོ་བྱུང་བ་དང་། རྒྱུད་སྨད་གྲྭ་ཚང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། ཨུ་ཡུག་དམག་འཁྲུག་དང་གྷ་ཛ་དམག་འཁྲུག་མཚམས་འཇོག་གི་འབད་བརྩོན། ཨ་རི་དང་ཐེ་ཝན་གྱི་ངོས་འཛིན་གསར་པ། རྒྱ་མི་སྐྱབས་བཅོལ་བའི་ལམ་བུ་སོགས་ཡོད། གསར་འགྱུར་ཞིབ་འགྲེལ་ལས་རིམ་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་བློ་བཟང་ཡེ་ཤེས་ལགས་དང་ལྷན་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་སྙན་ཐོའི་ནང་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་ངལ་རྩོལ་སྒྱུར་བཀོད་ཀྱི་གནས་སྟངས་ཛ་དྲག་ཏུ་གཏོང་བཞིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༡༨
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ནས་ལྡི་ལི་རུ་ཞབས་སོར་འཁོད་པ་དང་། ཨ་རི་དང་ཨུ་རུ་སུའི་གྲོས་མོལ། ཡུ་རོབ་ཀྱིས་ཡུག་ཀེ་རན་གྱི་ཐད་ཆེས་མཐོའི་ཚོགས་འདུ་འཚོགས་པ། ཁེ་ན་ཎའི་གནམ་ཐང་གི་གནམ་གྲུའི་ཆག་སྒོ། རྒྱ་ནག་གི་བཅོས་རིག་Deepseek ལྷོ་ཀོ་རི་ཡའི་ནང་བཀག་སྡོམ་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལགས་སུ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གི་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞིར་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་བཞིན་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།།