TV
དགོང་དྲོའི་ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༣ ཚེས ༡༡
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་༧སྐུའི་ཡང་སྲིད་ཕྱི་ཕྱོགས་འཁྲུངས་རྒྱུ་རེད་ཅེས་གསུངས་པ་དང་། ཨ་རི་དང་ཡུག་ཀེ་རན་གཉིས་དམག་མཚམས་འཇོག་རྒྱུར་གྲོས་མོལ་བྱས་པ། ཊམ་གྱིས་སྒོ་ཁྲལ་སྤར་བའི་རྐྱེན་གྱིས་མ་རྐང་ཁྲོམ་རར་དཀའ་ངལ་འཕྲད་བཞིན་པ། ཧྥི་ལི་པིན་གྱི་སྲིད་འཛིན་ཟུར་པ་འཛིན་བཟུང་བྱས་པ་དང་། ཆབ་སྲིད་བཙོན་པ་ངོ་སྤྲོད་ནང་སྙེ་མོའི་ཨ་ཎེ་འཕྲིན་ལས་ཆོས་སྒྲོན་སྐོར་ངོ་སྤྲོད་བྱས་པ་བཅས་ཡོད།
ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༣ ཚེས ༡༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི་དང་། ཡུག་ཀེ་རན་གྱི་དམག་འཁྲུག་ཟླ་གཅིག་རིང་མཚམས་འཇོག་རྒྱུའི་མོས་མཐུན། ཊམ་གྱི་སྒོ་ཁྲལ་འཕར་སྣོན། པ་ལི་སི་ཐན་ནང་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ། གྷི་རེན་ལན་ཌིའི་འོས་བསྡུ། རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་སྒྲིལ་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་སྤྱི་ཟུར་སྒོ་རབ་པདྨ་བདེ་ཆེན་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་བུད་མེད་སྒེར་ལངས་བྱུང་ནས་ལོ་༦༦་འཁོར་བའི་དུས་དྲན་དང་འབྲེལ་བུད་མེད་ཀྱི་ལས་འགུལ་སྐོར་ལ་་བགྲོ་གླེང་ཞུ་རྒྱུ་ཡིན།།