རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༠
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་འཛིན་འོས་འདེམས་ཀྱི་མཇུག་འབྲས་ངོས་ལེན་ཞུ་དགོས་པའི་ཐད་ཀྱི་གནོན་ཤུགས་སྤྲོད་བཞིན་པ་དང་། ཉེ་ཆར་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་སྐུ་ཞབས་ཇོ་བྷད་ཊན་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ཚོགས་ཆུང་ཞིག་བཙུགས་ཡོད་པ། རྒྱ་ནག་གིས་གཞུང་འབྲེལ་གྱི་ཐོག་སྐུ་ཞབས་ཇོ་བྷད་ཊན་ཨ་རིིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་མེད་པ། ཨ་རི་དང་འཇར་མན་གྱི་སྤྱི་གཉེར་ཁང་གཉིས་ནས་མཉམ་འབྲེལ་གྱིས་བཟོས་པའི་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་ཞིག་གིས་ནད་དུག་འགོག་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་ཏེ་མི་འགྱངས་བར་འགོག་སྨན་བེད་སྤྱོད་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༦ ཚེས་༠༣
ཨ་རིའི་རླུང་འཕྲིན་ཁང་གི་དེ་རིང་གི་ཀུན་གླེང་གསར་འགྱུར་དུ་༧གོང་ས་མཆོག་གིས་ས་ག་ཟླ་བའི་ཚེས་༡༥ ཉིན་སེམས་བསྐྱེད་སྡོམ་པ་གནང་རྒྱུ་དང་། སྲིད་འཛིན་ཊམ་གྱིས་རྒྱ་ནག་ལ་ཆེད་དོན་གསར་སྤེལ་ཚོགས་འདུ་གནང་ཞིང་ཨ་རིའི་ནང་གི་ངོ་རྒོལ་ལས་འགུལ་སོགས་ཡོད། ཀུན་གླེང་གི་བརྗོད་བྱ་གཉིས་ནི་ཨ་རིའི་ནང་གི་ངོ་རྒོལ་དང་རྒྱལ་ཁབ་གཞན་གྱི་ལོག་འགྲེལ་དང་། བོད་ཀྱི་ལོ་རྒྱུས་ནང་བྱུང་པའི་ནད་ཡམས་དང་བཅོས་ཐབས་ཡིན། དུས་ཐོག་གསན་གཟིགས་གནང་བར་ཞུ།