ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་མིག་དམར། ༢༠༢༥/༠༤/༠༨

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢

ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱིས་མ་འོངས་བར་ཨ་རིའི་འཚོ་བའི་གནས་སྟངས་སྐྱོ་བའི་ས་ཁུལ་ཁག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལ་ཉེ་རིང་མེད་པར་དྲང་སྙོམས་ཤིག་ཡོང་ཐབས་གནང་འཆར་ཡོད་པ། རྒྱ་ནག་ཏུ་ཏོག་དབྱིབས་རིམས་ནད་ཐོག་མར་བྱུང་སའི་ཧུའུ་པེ་ཞིང་ཆེན་གྱི་འཕྲོད་བསྟེན་སྡེ་ཚན་ལས་ཁུངས་ནས་རིམས་ནད་འགོས་ཁྱབ་ཐད་ཀྱི་གསང་བའི་ཡིག་ཆ་ཞིག་ཕྱི་ལ་ཤོར་ཡོད་པ། ཨ་རིར་སྤྱི་ཟླ་བཅུ་གཅིག་པ་གཅིག་པུའི་ནང་རིམས་ནད་ཕོག་མཁན་གྱི་མི་གྲངས་ས་ཡ་བཞི་ལྷག་བྱུང་ཡོད་པ་དང་། སྤྱི་ལོ་ཉིས་སྟོང་ཉེར་གཅིག་མ་སླེབས་སྔོན་དུ་འགོག་སྨན་ཚོང་འགྲེམས་བྱ་ཐུབ་རྒྱུའི་ཚོད་དཔག་བྱེད་བཞིན་པ། རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་མ་འོངས་བར་རྒྱ་གར་གྱི་མི་དམངས་ཚང་མར་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་རྒྱག་དགོས་མིན་ཐད་གླེང་སློང་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༢ ཚེས་༢

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་འདེམས་ཐོན་སྲིད་འཛིན་བྷ་ཌན་གྱིས་ལས་སྣེ་གལ་ཆེན་ཁག་ཅིག་མིང་འདོན་བྱས་པ་དང་། བོད་ཀྱི་སྨན་རྩིས་ཁང་གིས་ཨ་རིའི་ནེའུ་ཡོག་ཏུ་ཡན་ལག་ལས་ཁུངས་སྒོ་ཕྱེ་བ། ཨེ་ཧྥེའོ་ཕེ་ཡའི་ཟིང་འཁྲུག་ཁྲོད་ཀྱི་སྐྱབས་བཅོལ་བའི་གནས་སྟངས། རྒྱ་ནག་དང་ཨོ་སི་ཀྲོ་ལི་ཡས་ཕན་ཚུན་ལ་སྐྱོན་བརྗོད། པ་ཀི་སི་ཐན་གྱི་དམིགས་བསལ་ས་ཁུལ། ཧོང་ཀོང་དུ་དམངས་གཙོ་དོན་གཉེར་བ་གསུམ་ལ་ཁྲིམས་ཐག་བཅད་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་དུ་སྲིད་སྐྱོང་འོས་མིར་ལངས་མཁན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལ་བཅར་འདྲི་ཞུས་པ་དང་། འཛམ་གླིང་སྟེང་གི་སྐད་གྲགས་ཆེ་བའི་གྷི་རེ་མེ་གཟེངས་རྟགས་ལ་མིང་འདོན་བྱས་པའི་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་གླུ་དབྱངས་བར་དོ་ཞེས་པའི་ཐད་བགྲོ་གླེང་བྱས་ཡོད།།

XS
SM
MD
LG